设为首页 | 加入收藏
【汉藏双文】州委书记武玉嶂参加全州“扫黑除恶”专项斗争成果展暨主题宣传活动
来源: 州委办 州委宣传部
发布时间: 2019-06-14 21:07:48
编辑: 周生吉

  ༄༅། ། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་ཁུལ་ཡོངས་ཀྱི"ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་པ།

  州委书记武玉嶂参加全州“扫黑除恶”专项斗争成果展暨主题宣传活动

  ཟླ ༦ ཚེས ༡༠ ཉིན། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་དང་། ཁུལ་དམངས་ཆེན་ཨུ་ལྷན་གྱི་ཀྲུའུ་རིན་ཡོན་ཚེ་རིང་། ཁུལ་སྲིད་གྲོས་ཀྲུའུ་ཞི་ཞོལ་ཡུས་བཅས་ཁུལ་ཡོངས་ཀྱི"ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་ཏེ། ཁུལ་རྫོང་གི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་དང་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འགྲེམས་པང་རེ་རེར་གཟིགས་ཞིབ་གནང་ཞིང་། རྫོང་ཁག་དང་སྡེ་ཚན་ཁག་གི་ཆེད་དོན་འཐབ་རྩོད་ལས་དོན་གྱི་གྲུབ་འབྲས་སྙན་ཞུ་ཕུལ་བར་གསན། ཡུལ་དངོས་ནས་ལས་བྱེད་པ་ཁག་ཅིག་ལ་ནག་སེལ་ངན་འཇོམས་ཐད་ཀྱི་ངེས་པར་ཤེས་དགོས་པའི་རྨང་གཞིའི་ཤེས་བྱ་སྐོར་གྱི་དྲི་བ་བཏོན། ཁུལ་རིམ་པའི་མགོ་ཁྲིད་བང་ཆིས་དང་། དོན་འགྲུབ། ཐའོ་ཡུང་ལིས། ཀྲང་ཞེན་བུན། ཞའོ་ཧྲོན་ཁྲིན། ཐེན་ཞིས། བློ་གྲོས་རྣམ་རྒྱལ་བཅས་ཀྱི་ཕེབས་རོགས་མཛད།

  6月10日,州委书记武玉嶂,州人大常委会主任云才让,州政协主席雪怡参加全州“扫黑除恶”专项斗争成果展暨主题宣传活动,逐一查看州县开展扫黑除恶专项斗争成果和主题宣传展板,听取了各县各部门专项斗争工作成果汇报,现场询问了部分干部扫黑除恶应知应会基本知识。汪琦、当周、陶永利、张新文、肖顺琛、田旭、洛珠南杰等州级领导随同。

  བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། "ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་སྤེལ་བ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་། མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་གཏན་འཇགས་སྒྲིག་ལྡན། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཡོང་བར་འགན་ལེན་ཡོད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་བ། ས་ཁུལ་སྡེ་ཚན་ཁག་དང་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་ཚོས་རང་རྟོགས་ངང"འདུ་ཤེས་བཞི"བརྟན་པོར་བཙུགས་ནས། ཚད་མཐོན་པོའི་ཆབ་སྲིད་རང་རྟོགས་ཀྱིས་ངོས་འཛིན་དང་ལག་བསྟར་བྱེད་དགོས་པར་བསྟན།

  武玉嶂强调,开展“扫黑除恶”专项斗争是一项重大政治任务,保障人民安居乐业、社会安定有序、国家长治久安,进一步巩固党的执政基础,各地区各部门和各级党员干部要自觉树牢“四个意识”,以高度的政治自觉去认识和践行。

  བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་མུ་མཐུད་དུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་དང་། མང་ཚོགས་སྐུལ་སློང་། མང་ཚོགས་ལ་རྒྱབ་བརྟེན་བཅས་ཀྱི་སྒོ་ནས། འཕྲེད་བྱང་སྦྱར་ཡིག་འགེལ་བ་དང་། འགྲེམས་པང་འཇོག་པ། དྲིལ་བསྒྲགས་དཔྱད་ཡིག་གྲམ་པ་སོགས་སྲོལ་རྒྱུན་གྱི་དྲིལ་བསྒྲགས་བྱེད་ཐབས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས་ལ། རྒྱང་བསྒྲགས་བརྙན་འཕྲིན་དང་འཕྲིན་ཕྲན་སྟེགས་བུ། སྐད་འཕྲིན་པོད་ཕྲན་སོགས་སྨྱན་སྦྱོར་གསར་པ་བརྒྱུད་དེ། གོམ་གང་མདུན་སྤོས་སྒོས་རྒྱ་ཆེ་མི་དམངས་མང་ཚོགས་ཀྱིས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་ཤེས་རྟོགས་ཚད་གཞི་དང་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་རྒྱ་ཆེ་ལས་བྱེད་མང་ཚོགས་སྐུལ་སློང་གིས་ རང་རྟོགས་ངང་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་ནང་དུ་ཞུགས་སུ་བཅུག་ནས། མི་དམངས་དམག་འཁྲུག་ཅིག་སྤེལ་དགོས། ཁུངས་སྣེ་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ལྷག་པར་དུ་སྤྱི་བདེ་དང་། ཞིབ་དཔྱོད་། ཁྲིམས་ཁང་། ཁྲིམས་འཛིན་སོགས་ཀྱི་སྡེ་ཁག་གིས་འགན་ནུས་འདོན་སྤེལ་བྱས་ཏེ། ཁུངས་སྣེ་རྩད་གཅོད་གཏིང་ཟབ་བྱེད་དགོས་ལ། ནག་འབྲེལ་ངན་འབྲེལ་གྱི་གྱོད་གཞི་ཡོངས་བསྒྲགས་ངང་ཞིབ་གཅོད་ནན་མོ་བྱས་ནས། ཏང་ཨུ་སྲིད་གཞུང་གིས་ནག་འབྲེལ་ངན་འབྲེལ་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་དང་ཡིད་ཆེས་མངོན་པར་བྱེད་དགོས། བཙན་གནོན་རྣམ་པས་ནག་ངན་རྩ་འཛུགས་ལ་འཇིགས་སྣང་བསྐུལ་ཏེ། ནག་སེལ་ངན་འཇོམས་ཀྱི་ངར་ཤུགས་འཕེལ་བར་བྱེད་དགོས། རྒྱ་ཆེ་ཏང་ཡོན་དང་ལས་བཟོ་བས་ནག་སེལ་ངན་འཇོམས་ཀྱི་འབྲེལ་ཡོད་སྲིད་ཇུས་ཤེས་བྱ་ཁོང་དུ་ཆུད་པར་བྱ་རྒྱུ་དེ་རྒྱུན་ལྡན་གྱི་སློབ་སྦྱོང་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་དབྱང་དང་ཞིང་ཆེན་ཁུལ་གྱིས་འགྲེམས་སྤེལ་བྱས་པའི་ངེས་པར་ཤེས་དགོས་པའི་ཤེས་བྱར་སློབ་སྦྱོང་ནན་ཏན་བྱེད་དགོས། "རྒྱལ་ཁབ་སྟོབས་ཆེན"དང་ལག་ཁྱེར་ཁ་པར APP། སྐད་འཕྲིན་སོགས་སྨྱན་སྦྱོར་གསར་པའི་བྱེད་ཐབས་སྤྱད་ནས། འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པར་བསྟན།

  武玉嶂强调,各地区各部门要不断加大宣传力度,深入群众、发动群众、依靠群众,既要做到悬挂横幅、摆放展板、发放宣传资料等传统方式宣传的全覆盖,又要发挥电视广播、公众平台、微信微博等新媒体深化延伸,进一步提高广大人民群众对扫黑除恶专项斗争的知晓率和积极性,动员全州广大干部群众自觉参与到扫黑除恶专项斗争,发起一场人民战争。要加大线索案件的查办力度,特别是公检法司等部门,要发挥职能作用,彻查深挖线索问题,公开严办涉黑涉恶案件,展现党委政府打击涉黑涉恶的决心和信心,以高压态势震慑黑恶组织,鼓舞扫黑除恶的士气。广大党员和干部职工要把掌握扫黑除恶相关政策知识作为日常学习的重要内容,认真学习中央和省州印发的应知应会知识,充分利用“学习强国”、手机APP、微信等新媒体方式,深化相关知识学习。

  བུའུ་ཡུས་ཀྲང་གིས་བཤད་རྒྱུ། གྲུབ་འབྲས་འགྲེམས་སྟོན་དང་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད་ནས། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་བའི་རང་རེའི་ཁུལ་གྱི་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་པར་བྱས་ཏེ། ཏང་ཨུ་སྲིད་གཞུང་གིས་སྔར་བས་ནག་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་གཏོང་བའི་རྣམ་འགྱུར་བརྟན་པོ་མངོན་ཞིང་། སྔར་བས་དམངས་ཡོངས་སྐུལ་སློང་དང་། དམངས་ཡོངས་ཀྱི་ཤེས་རྟོགས། དམངས་ཡོངས་ནང་ཞུགས་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་དེ། གཏིང་ཟབ་སྒོས"ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་རྒྱུན་མཐུད་ངང་སྤེལ་བར་གླེང་ཕྱོགས་ཀྱི་རྣམ་པ་དང་མང་ཚོགས་ཀྱི་རྨང་གཞི་བཟང་པོ་ཞིག་འདིང་དགོས་པའི་བླང་བྱ་བཏོན།

  武玉嶂要求,要通过成果展和主题宣传活动,展现扫黑除恶专项斗争开展以来我州取得的阶段性成效,进一步表明党委政府打击黑恶势力违法犯罪的坚强态度,进一步营造全民动员、全民知晓、全民参与的浓厚氛围,为深入持续开展“扫黑除恶”专项斗争营造良好的舆论氛围和群众基础。

 

相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
 
主办:中共果洛州委宣传部 技术支持:青海省互联网新闻中心
免责声明:果洛新闻网由中共果洛州委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由果洛州委宣传部负责。
果洛新闻网投稿邮箱:glnews2015@163.com