设为首页 | 加入收藏
【汉藏双文】州委书记武玉嶂深入玛沁县调研指导 “扫黑除恶”专项斗争
来源: 州委办 州委宣传部
发布时间: 2019-06-06 20:15:10
编辑: 周生吉

  ༄༅། །ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་རྨ་ཆེན་རྫོང་དུ་བསྐྱོད་དེ་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ།

  州委书记武玉嶂深入玛沁县调研指导

  “扫黑除恶”专项斗争

  ཟླ ༥ ཚེས ༣༡ཉིན། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་རྨ་ཆུའི་ལྷོ་ལམ་སྡེ་ཁུལ་དང་། རྨ་ཆེན་རྫོང་སྤྱི་བདེ་ཅུས་སུ་བསྐྱོད་ནས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ལ་བརྟག་ཞིབ་མཛུབ་ཁྲིད་གནང་། དོན་འགྲུབ་དང་ཧན་པིན། ཐེན་ཞིས། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་རྫོང་གི་སྲིད་ཁྲིམས་དང་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་མཉམ་དུ་ཕེབས།

  5月31日,州委书记武玉嶂深入玛沁县大武镇黄河路南社区和玛沁县公安局调研指导“扫黑除恶”专项斗争。当周、韩斌、田旭及州委办、州县政法、公安等相关部门负责同志随行。

  བུའ་ཡུས་ཀྲང་གིས་བསྟན་དོན། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་ལ་གནང་བའི་བཀའ་བརྒྱ་ཡིན། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་ལེན་དང་། སྤྱི་ཚོགས་གཏན་འཇགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་རྒྱུན་འཁྱོངས་བྱེད་པ་བཅས་ནི་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཀྲུང་དབྱང་དང་ཞིང་ཨུའི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་བཀོད་སྒྲིག་ནང་ལྟར། ད་ལོ་ནི་གཅིག་སྡུད་འགག་སྒྲོལ་གྱི་ལོ་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་ནུས་ལྡན་གོ་སྐབས་དམ་འཛིན་བྱས་ནས། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད། སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་འཐུས་ཚང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད། ས་ཁུལ་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་སོགས་སྔར་བས་མཐོ་འདེགས་སུ་གཏོང་དགོས་པར་བསྟན།

  武玉嶂指出,开展“扫黑除恶”专项斗争是党中央作出的一项重要决策部署,是习近平总书记向全党全国发出的号令,是保障人民安居乐业、维护社会安定有序、保持国家长治久安、巩固党的执政基础的一项重大举措。按照中央和省委对“扫黑除恶”专项斗争的部署,今年是集中攻坚年,全州上下一定要紧抓开展“扫黑除恶”专项斗争的有力机遇,在加强基层组织建设、推动依法治理、完善社会治理手段、促进社会公平正义、维护地区和谐稳定等方面有更大提升。

  བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། སྡེ་ཁུལ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ལྷུ་ཚིགས་གལ་ཆེན་དང་ཆེས་མདུན་གྲལ་ཡིན་པའི་ཆ་ནས། ནག་སེལ་ངན་འཇོམས་ལས་དོན་གྱི་དགོས་མཁོ་གཞིར་བཟུང་ཞིང་། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས་དྲིལ་བསྒྲགས་ཐད་ཤུགས་སྣོན་རྒྱག་དགོས་ལ། ཁུལ་རྫོང་གི་རྩོམ་སྒྲིག་པར་སྐྲུན་བྱས་པའི་དྲིལ་བསྒྲགས་ལག་དེབ་ལ་ཟུང་འབྲེལ་སྒོས། ལས་འཁྱུལ་ངལ་གསོའི་ལས་བྱེད་དང་ཏང་ཡོན་རྒན་པ། དབུལ་པོའི་ཁྱིམ་ཚང་། མང་ཚོགས་དཀྱུས་མ། ཁེར་རྐྱང་བཟོ་ཚོང་དུད་ཁྱིམ། ལོ་ན་མ་སོན་པའི་སྐྱེ་བོ་སོགས་ཚོགས་པ་མི་འདྲ་བར་དམིགས་ནས། བཅར་འདྲི་དང་བཞུགས་མོལ། གསལ་བཤད། དྲིལ་བསྒྲགས་སྦྱར་ཡིག་དང་རི་མོ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མགྱོགས་མྱུར་ངང་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་དྲིལ་བསྒྲགས་ཀྱི་ཚ་རླངས་འཕྱུར་བར་བྱེད་དགོས་ལ། རྒྱ་ཆེའི་མང་ཚོགས་ལ་ནག་སེལ་ངན་འཇོམས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་དང་གསལ་བཤད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་གྱི་ཤུགས་ཆེ་རུ་གཏོང་དགོས། ཁྲིད་སྟོན་ཐོག་སྣེ་ཁྲིད་པ། སྡེ་ཁུལ་རྩ་འཛུགས་དང་ལྷག་པར་དུ་རྒྱ་ཆེའི་ཏང་ཡོན་གྱིས་མི་སེར་ལ་བྱ་བ་སྒྲུབ་པ་དང་། མི་སེར་ལ་བརྟེན་ནས་བྱ་བ་སྒྲུབ་པ། མང་ཚོགས་སུ་རྐང་ཚུགས་པ་དང་མང་ཚོགས་སུ་གཞི་ཚུགས་པའི་སྒོ་ནས། རང་འགུལ་གྱིས་སྣེ་ཁྲིད་དེ་མང་ཚོགས་ཀྱི་དོ་ཁུར་དོ་སྣང་བྱེད་བཞིན་པའི་སྤྱི་ཚོགས་གནད་དོན་ལ་བརྟག་དཔྱད་བྱེད་དགོས་ལ། ཏང་ཨུ་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་སྒོས་འཆལ་རྒྱན་དུག་གསུམ་དང་། རྒྱག་རེས་བྱེད་པ་སོགས་བདེ་འཇགས་ཟང་ཟིང་གི་སྣང་ཚུལ་ལ་དྲག་རྡུང་བྱས་ཏེ། མང་ཚོགས་ལ་བདེ་འཇགས་འཆམ་མཐུན་གྱི་ཁོར་ཡུག་ཅིག་སྐྲུན་དགོས། མང་ཚོགས་ལ་བརྟེན་ནས་བྱ་བ་སྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་འདོན་སྤེལ་སྒོས། རྒྱ་ཆེ་མང་ཚོགས་རང་འགུལ་གྱིས་ནག་སེལ་ངན་འཇོམས་ཁྲོད་དུ་ཞུགས་པར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱིས་ཁུངས་སྣེ་རྙེད་པ་དང་ཁུངས་སྣེ་འདོན་སྤྲོད་བྱེད་པ། ལོ་ངོ་གསུམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཆེས་བདེ་འཇགས་དང་ཆེས་འཆམ་མཐུན་ཡོང་བར་བརྩོན་ལེན་གྱིས། ནག་ངན་སྟོབས་ཤུགས་མེད་ཅིང་གཙང་མ་གཙང་དག་ཡིན་པའི་སྡེ་ཁུལ་ཞིག་བསྐྲུན་དགོས། སྐུལ་འདེད་སྟེང་མཐོ་བརྒལ་ཡོང་བར་བྱེད་པ། ཁོངས་གཏོགས་ཁུལ་གྱི་གྲོང་མིས་དོ་ཁུར་བྱེད་བཞིན་པའི་གནད་དོན་ཁྲོད་ནས་གནད་འགག་འཚོལ་བ་དང་། གཙོ་གནད་དཀའ་གནད་ཀྱི་གནད་དོན་ལ་ཟུང་འབྲེལ་སྒོས་ཁུངས་སྣེ་རྙེད་པ། ཁྱབ་ཁོངས་གཏོར་བ། ཡུན་རིང་པོར་གནས་ཤིང་རྩ་བ་ནས་ཐག་བཅད་མེད་པའི་གནད་དོན་ཐག་གཅོད་པ། ནག་ངན་སྟོབས་ཤུགས་སྐྱེ་འཕེལ་གྱི་ས་རྒྱུ་མེད་པར་བཟོ་བ་བཅས་ཀྱི་སྒོ་ནས། མང་ཚོགས་ལ་དངོས་པོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་དང་། བདེ་འཇགས་ཡིན་པའི་ཚོར་བ་ཇེ་མཐོ་རུ་གཏོང་དགོས་པར་བསྟན།

  武玉嶂强调,社区作为基层组织建设的重要环节和最前沿,根据“扫黑除恶”工作需要,结合自身实际,要在宣传上用力,结合州县编印的宣传手册,针对退休干部、老党员、贫困户、普通群众、个体工商户、未成年人等不同群体,通过走访、座谈、讲解和张贴宣传横幅、标语、图片等手段,迅速掀起“扫黑除恶”专项斗争的宣传热潮,向广大群众宣传讲解“扫黑除恶”相关知识的了解,大力提高人民群众参与积极性和主动性;引导上带头,社区组织特别是广大党员,要为老百姓办事、靠老百姓办事,立足群众、扎根群众,主动带头对群众关心关注的社会问题进行调查,配合党委政府和公安机关有效打击“黄赌毒”、打架斗殴等治安乱象,给群众营造一个安全和谐的环境。要依靠群众办事,发挥出人民群众智慧力量,引导广大群众主动参与到“扫黑除恶”中,让群众发现线索、提供线索,争取在三年专项斗争中,打造出一个最安全、最和谐,没有黑恶势力、干干净净的社区;在推动上突破,从辖区居民关注的问题中寻找突破口,在结合重点难点问题中发现线索,以点破面,解决一些长期存在且又没有彻底解决的问题,铲除黑恶势力滋生的土壤,让群众既能感受到物质生活的日新月异,又能提升安全感。

  བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་སེལ་ངན་འཇོམས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནང་ལྟར། ཞིང་ཆེན་ཁུལ་གྱི་ལས་དོན་བཀོད་སྒྲིག་ནང་ལྟར། ས་ཁུལ་གྱི་དོན་དངོས་ལ་དམིགས་ནས། བསམ་བློ་གཏིང་ཟབ་དང་བཀོད་སྒྲིག་ཞིབ་ཚགས། སྐུལ་འདེད་ཏན་ཏིག འགན་འཁྲི་འཁུར་ཕོད་པ། མཁྲེགས་སར་གཏུག་ཕོད་པ་བཅས་དང་། མགོ་ལོག་གི་སྤྱི་ཚོགས་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་འགག་སྒོ་འཚོལ་ཐུབ་པ། གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས། གཙོ་གནད་ཁྱབ་ཁོངས། གཙོ་གནད་རྡུང་རྡེག་བཅས་མངོན་གསལ་སྒོས། ནག་ངན་སྟོབས་ཤུགས་ཀྱི"སྲུང་བྱེད་གདུགས"རྩ་མེད་དུ་གཏོང་དགོས། རྔམ་ཟིལ་དང་ཟིལ་ཤུགས། ཕན་འབྲས་བཅས་ཐོན་པར་བྱས་ནས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་མངོན་གསལ་གྱིས་མཐོ་འདེགས་ཡོང་དགོས་ལ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་བ་དང་བློ་ཡིད་ཚིམ་ཚད་མངོན་གསལ་ངང་མཐོ་འདེགས་སྒོས། ནམ་མཁའ་གཡའ་དག་ཅིང་སྤྱོད་གཙང་སྲོལ་བཟང་ཡོང་བར་གཙང་ཕྱགས་བྱེད་དགོས། "ཟུང་འབྲེལ་གཉིས"ཀྱི་བླང་བྱ་ལྟར། གོམ་གང་མདུན་སྤོས་སྒོས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ནག་སེལ་ངན་འཇོམས་ཁྲོད་རྣམ་འགྱུར་ཇེ་སྙོམས་དང་མཁྲེགས་སར་གཏུག་མི་ཕོད་པའི་ཞང༼གྲོང་རྡལ༽སྡེ་བའི༼རུ་ཁག༽རྩ་འཛུགས་ཀྱིས་མཐའ་གཅིག་ཏུ་དག་ཐེར་བྱས་ནས། མགོ་ཁྲིད་ཚན་ཁག་གི་ཁོངས་མི་མཐའ་གཅིག་ཏུ་བརྗེ་སྤོ་བྱེད་དགོས། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁུངས་སྣེ་རྩད་ཞིབ་དང་། གྱོད་གཞི་རྩད་གཅོད། ཟིང་ཆ་བཅོས་སྐྱོང་། ཆ་འཕྲིན་འབྲེལ་སྤེལ། དྲིལ་བསྒྲགས་ཁྲིད་སྟོན་སོགས་ཀྱི་ལས་ཀའི་ལམ་སྲོལ་སྔར་བས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། གོང་འོག་མཉམ་འགུལ་དང་ཇུས་ཤུགས་མཉམ་འདོན་གྱིས་ལས་ཀའི་རྣམ་པ་ཆགས་པར་བྱེད་དགོས། ཁེར་འཐབ་ཁེར་འཛིང་དང་དམག་ཐོར་འཁྱམས་འཛིང་གཏན་འགོག་བྱས་ནས། མཐུན་ཚོགས་དམག་འཐབ་སྤེལ་དགོས། དྲིལ་བསྒྲགས་སྣེ་ཁྲིད་ལ་ཤུགས་སྣོན་པ། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་བ་བེད་སྤྱོད་ཡག་པོ་བྱས་ཏེ། ལས་བྱེད་མང་ཚོགས་ཚོས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་དེ་མི་རེ་རེར་འབྲེལ་བ་དམ་ཟབ་ཡོད་པ་དང་། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་གི་མགོ་ལོག་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་པ། ཁྲིམས་ལྟར་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ། ཏང་གི་གཞི་རིམ་སྲིད་དབང་སྲ་བརྟན་དུ་གཏོང་བར་འབྲེལ་བ་དམ་ཟབ་ཡོད་པ་བཅས་ལ་ངོས་འཛིན་འབྱུང་ཐུབ་དགོས། ནག་སེལ་ངན་འཇོམས་ཀྱི་ཤེས་བྱ་གསལ་འགྲེལ་ཡག་པོ་བྱས་ཏེ། རྔ་རྡུང་དར་འཕྱར་གྱིས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་འགྲུབ་འབྲས་དྲིལ་བསྒྲགས་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ནང་དུ་ཞུགས་པར་སྐུལ་ལྕག་དང་སྣེ་ཁྲིད་སྒོས། ནག་ངན་སྟོབས་ཤུགས་ཀྱིས་ཐོས་པ་ཙམ་གྱི་བླ་ཆད་པ་དང་གང་དུའང་ཡིབ་ས་མེད་པར་བྱེད་དགོས། དུས་མཉམ་དུ། ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུའི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་བཀོད་སྒྲིག་ལ་ཞིབ་བསྡུར་བྱས་ནས། སྔར་བས་འགན་འཁྲི་འཁུར་ཕོད་པ་དང་བྱ་ཐབས་ཞིབ་ཕྲ་བཟོ་བ། དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏན་ཏིག་གིས་ཀྲུང་དབྱང་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་སྣེ་ལེན་ཡག་པོ་བྱེད་པར་གྲ་སྒྲིག་དང་། ལས་ཀའི་ཕན་འབྲས་ཇི་མ་ཇི་བཞིན་མཚོན་ཐུབ་དགོས་པར་བསྟན།

  武玉嶂强调,各级党委政府和广大干部群众要按照习近平总书记关于“扫黑除恶”的重要指示精神,按照省州工作部署,围绕地区实际,深入思考,细致部署,扎实推动,勇于担当、敢于碰硬,找准果洛社会治理、民族团结、维护稳定等方面突破口,突出重点地区、重点行业、重点领域和重点打击,铲除黑恶势力“保护伞”,打出声势、气势、成效,实现基层社会治理能力明显提升,使人民群众安全感、满意度明显提升,扫出朗朗乾坤、风清气正。要按照“两个结合”的要求,进一步强化基层组织建设,对于在“扫黑除恶”中态度偏软、不敢碰硬的乡(镇)村(社)组织坚决整顿,对其领导班子成员要坚决调换。要健全工作机制,进一步建立和完善线索排查、案件侦破、乱点整治、信息沟通、宣传引导等工作机制,形成上下联动、群策群力的工作格局,杜绝“单打独斗”和“散兵游勇”,开展“集团作战”。要强化宣传引导,运用好传统媒体和新型媒体,让干部群众认识到“扫黑除恶”专项斗争与每个人息息相关,与建设和谐社会“平安果洛”密切相关,与推动依法治理、民族团结、巩固党的基层政权紧密相连,解读好“扫黑除恶”知识点,大张旗鼓地宣传“扫黑除恶”专项斗争成果,鼓励和引导广大干部群众参与进来,让黑恶势力闻风丧胆、无处藏身。同时,要认真对照中央和省州委“扫黑除恶”专项斗争部署,进一步扛实责任,细化举措,强化落实,扎实做好迎接中央专项督导准备工作,如实反映工作实效。

  བུའ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་མཚོན་རྟགས་ཡིན་ལ། ནག་སེལ་ངན་འཇོམས་ཀྱི་དམག་ཤུགས་གཙོ་བོ་ཡང་ཡིན་པས། རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ། མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པས། ངེས་པར་དུ་མཁྲེགས་སར་གཏུག་ཕོད་པ། ནག་ངན་སྟོབས་ཤུགས་རྩ་མེད་དང་བདེ་འཇགས་ཟིང་ཆ་གཙང་སེལ། ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་འགན་འཁྲི་ཞིག་ཏུ་བརྩིས་ནས། མངོན་གསལ་གྱི་དར་ཆ་བསྒྲངས་ཏེ་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་སྤེལ་བ་ལས། གཟུར་གཡོལ་དང་ཕྱིར་བཤོལ་བྱེད་མི་རུང་། གདོང་མཆོང་བྱེད་ཕོད་པ། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་ནང་དུ་ཞུགས་པ་དང་། ཁུངས་སྣེ་གྲལ་བཤེར་གྱི་ནང་དུ་ཞུགས་པ། གྱོད་གཞི་རྩད་ཆོད་པ། ཁྲིམས་ལྟར་བཅོས་སྐྱོང་བཅས་གཟི་བརྗིད་དུ་བརྩིས་ནས། མང་ཚོགས་ཀྱི་འདོད་བློ་ལྟར་བསམ་བློ་གཏོང་བ། མང་ཚོགས་ཀྱི་བྲེལ་ཚུལ་ལྟར་འཕྲལ་མར་སྒྲུབ་པ། མང་ཚོགས་ཀྱི་སེམས་ཁྲལ་ལྟར་དཀའ་ངལ་སེལ་བར་བྱས་ཏེ། ཁུངས་སྣེ་རྩད་ཆོད་པ་དང་གྱོད་གཞི་ལེགས་པར་སྒྲུབ་དགོས། མདུན་གྱི་གཡུལ་སར་རྒྱུག་ནས་དམག་འཐབ་དང་འཐབ་ས་དང་པོ་ནས་འཐབ་འཛིང་བྱས་ཏེ། མང་ཚོགས་ལ་བདེ་འཇགས་ཀྱི་ཚོར་བ་དང་སྤྱི་ཚོགས་སྔར་ལས་འཆམ་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས། སྟོབས་དང་ལྡན་པ། མི་དམངས་ཉེན་རྟོགས་པ་ཡོངས་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་ནག་སེལ་ངན་འཇོམས་ཀྱི་བླང་བྱ་དེ་བྱེ་བྲག་གི་ལས་ཀའི་ཁྲོད་དུ་དོན་འཁྱོལ་སྒོས། གཞི་རིམ་མང་ཚོགས་ཁྲོད་དུ་མང་ཙམ་ཟབ་ཞུགས་དང་། གྱོད་གཞི་སྣ་ཚོགས་ལ་མང་ཙམ་ཞིབ་གཅོད་བྱས་ནས། "ཡེ་ཤེས་ཀྱི་སྤྱན"གྱི་ནུས་པ་སྦྱོང་བརྡལ་ཐོབ་དགོས། ཁུང་སྣེ་གཏིང་སློག་དང་ཚུལ་མཐུན་ཁྲིམས་བསྟར། ཁྲིམས་ལྟར་གྱོད་གཞི་ཐག་གཅོད་བཅས་ཀྱི་སྒོ་ནས། ཕྱིར་ཐོན་ངེས་རྒྱལ་དང་སྒྲུབ་པ་ངེས་གྲུབ་བྱེད་དགོས། གཞི་རིམ་སྲིད་དབང་ལ་ཐེ་ཇུས་དང་མཐུན་སྒྲིལ་བརྟན་ལྷིང་ལ་གཏོར་བཤིག སྤྱི་ཚོགས་བདེ་འཇགས་དཀྲུག་པ། ཚོང་ར་ཧམ་སྤྱོད། འཆལ་རྒྱལ་དུག་གསུམ་སོགས་ཀྱི་ནག་ངན་སྟོབས་ཤུགས་དང་བདེ་འཇགས་ཟིང་ཆ་མཐའ་གཅིག་ཏུ་གཙང་སེལ་བྱེད་དགོས། བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས། སྤྱི་ཚོགས་བཅོས་སྐྱོང་གི་དབང་རྩའི་མཇུག་སྣེ་རུ་གནས་པའི་གཞི་རིམ་གྱི་ཁྲག་རྩ་ཤར་གཏོང་ཐུབ་པ་དང་། ཁྲག་རྒྱུན་འཁོར་རྒྱུག་ཐུབ་པར་བྱེད་དགོས་ལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པར་དམངས་སེམས་གཅིག་མཐུན་ཡོང་དགོས་པར་བསྟན།

  武玉嶂强调,各级公安机关是国家力量的象征,是“扫黑除恶”的主力军,肩负起保卫国家政权、捍卫国家安全、群众生命财产安全、和谐社会建设的重要使命。必须敢碰硬,把铲除黑恶势力、清除治安乱点、推进依法治理、维护社会稳定作为必担之责,旗帜鲜明开展“扫黑除恶”专项斗争,不避让、不退缩;敢冲锋,以参与“扫黑除恶”专项斗争、参与线索排查、案件侦破、依法治理为荣,想群众所想、急群众所急、解群众所忧,查实线索、办好案件,冲在前沿阵地战斗、战斗在一线,让群众更有安全感,让社会更加和谐稳定;强作为,全体民警要把中央和省委“扫黑除恶”要求落实到具体工作中,多深入基层群众,多查办各类案件,练就“火眼睛睛”的本领,深挖线索,文明执法,依法办案,做到出则胜、办必成,坚决铲除干预基层政权、破坏团结稳定、扰乱社会治安、欺行霸市、黄赌毒等黑恶势力和治安乱点,用实际行动和实际成效,使处于社会治理神经末梢的基层血管通畅、血液流通,凝聚起富裕文明和谐美丽新果洛建设的强大民心合力。

相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
 
主办:中共果洛州委宣传部 技术支持:青海省互联网新闻中心
免责声明:果洛新闻网由中共果洛州委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由果洛州委宣传部负责。
果洛新闻网投稿邮箱:glnews2015@163.com