设为首页 | 加入收藏
【汉藏双文】果洛州召开佛教协会第五次代表大会
来源: 州委办 州委宣传部
发布时间: 2019-05-28 16:17:21
编辑: 周生吉

༄༅། །མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་བསྡུས་པ།

果洛州召开佛教协会第五次代表大会

  ཟླ ༥ ཚེས ༢༠ ཉིན་ནས་ཚེས ༢༢ ཉིན་བར། མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་བསྡུས། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དོན་འགྲུབ་ཀྱིས་ཚོགས་འདུའི་མཛད་སྒོ་ལ་མགོ་འཛིན་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧན་ཧའེ་ཧུང་གིས་ཕྱོགས་སྡོམ་གཏམ་བཤད་གནང་། ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་མགར་སྤྲུལ་ཡེ་ཤེས་ཉི་མས་མཛད་སྒོའི་ཤིས་ཚིག་དང་གཏམ་བཤད་གནང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན། ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན། ཁུལ་དམངས་སྲིད་ཅུས་སོགས་སྡེ་ཁག་གི་འགན་འཁུར་བ་དང་རྫོང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་རྣམས་གདན་ཞུས་ལྟར་ཚོགས་འདུར་ཞུགས། ཚོགས་འདུར་འོས་ཞུགས་འཐུས་མི ༡༡༨ ཡོད་པ་ལས་དངོས་ཞུགས་འཐུས་མི ༩༢ ཐོན་ཡོད། བྱ་བའམ་ནད་གཞིའི་རྐྱེན་གྱིས་མི ༢༦ ལ་དགོངས་ཞུས་གནང་ཡོད།

  5月20日-22日,果洛州召开州佛教协会第五次代表大会。州委书记武玉嶂出席会议并讲话,州委副书记、政法委书记当周主持开幕大会,州政府副州长韩海宏作总结讲话,州政协副主席尕智﹒叶西尼玛致开幕词并作表态发言。州委统战部、州委组织部、州纪委监委、州民宗委、州民政局等部门负责人和各县委统战部长应邀参加会议。会议应到代表118人,实到92人,因事因病请假26人。

  ཚོགས་འདུའི་ཐོག་འདས་པའི་ལོ་བཞིའི་རིང་གི་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ཁག་ལ་ཕྱོགས་སྡོམ་དང་། རྗེས་ཕྱོགས་ཀྱི་ལོ་ལྔའི་ལས་དོན་ཐད་ལ་བཀོད་སྒྲིག་གནང་ཞིང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་།ཚོགས་འདུའི་ཐོག«མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག»༼བཟོ་བཅོས་འཆར་ཟིན༽ལ་གྲོས་མཐུན་བྱུང་། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་ནང་བསྟན་ལས་རིགས་ལ«གནད་ཁེལ་དབུལ་སྐྱོར་རོགས་རམ་སྐོར་གྱི་རྒྱས་སྤྲས་ཆུས་ཟོས་ལ་ངོ་རྒོལ»ཞེས་པ་དང«རང་བྱུང་ལ་གཅེས་སྤྲས། ཚེ་སྲོག་ལ་སྲུང་སྐྱོང་། ལུགས་མཐུན་གྱི་ཚེ་ཐར»ཞེས་པ་བཅས་འགྲེམ་སྤེལ་བྱས་ཏེ་གྲོས་གཞི་བཏོན།

  会议总结了过去四年州佛教协会各项工作,安排部署了今后五年工作,选举产生了州佛协新一届领导班子。会议审议通过了《果洛州佛教协会章程》(修改草案)。会议向全州佛教界发出《关于助力精准扶贫,反对铺张浪费》和《爱护自然,保护生命,合理放生》的倡议。

  ཚོགས་འདུའི་ཐོག ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འདས་པའི་ལོ་བཞིའི་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཚོགས་འདུ་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཚོགས་ཞུགས་འཐུས་མི་དང་ཁོང་ཚོ་བརྒྱུད་དེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། སྐབས་གསར་པའི་ལས་འཛིན་ལྷན་ཚོགས་དང་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣར་གཤམ་གྱི་བླང་བྱ་དང་རེ་བ་འགའ་བཏོན། གཅིག་ནི་ཀྲུང་དབྱང་དང་ཞིང་ཨུའི་བླང་བྱ་གསར་པར་དམ་པོར་དམིགས་ཏེ། བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་སྤྱི་ཡོངས་ཁྲོད་སྟོབས་ཤུགས་འབུལ་དགོས། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་འབྲེལ་ནས། ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་སྐུལ་འདེད་སྒོས། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ཁྲོད་ཀྱི་དགེ་སྒྲུབ་སྡིག་སྤོང་དང་། འདྲ་མཉམ་བཟོད་སྒོམ། དབུལ་སྐྱོར་དཀའ་སེལ་སོགས་ཀྱི་བསམ་བློ་དར་སྤེལ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་དེ་མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ཁྲོད་ནང་འདྲེས་སྒོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་འབད་བརྩོན་བྱེད་དགོས། གཉིས་ནི་དུས་རབས་ཀྱི་འཕར་རྩ་དམ་བཟུང་གིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་འཕེལ་རིམ་དང་འཚམ་པའི་དུས་བསྟུན་མདུན་སྐྱོད་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་པུའུ་མི་རིགས་ཆོས་ལུགས་སྡེ་ཁག་གི་མཛུབ་སྟོན་འོག བསམ་ཕྱོགས་གསར་གཏོད་དང་གཞི་རྟེན་ཕུན་ཚོགས་ཀྱིས། ནང་བསྟན་བགྲོད་གླེང་དང་ཞིབ་བསྡུར་བརྗེ་རེས། ཆེད་དོན་བྱེད་སྒོ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཆོས་ལུགས་བསྟན་དོན་གྱིས་ས་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་འཚམ་པའི་འཆད་འགྲེལ་སྒྲུབ་དགོས། གསུམ་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་པར་དམ་པོར་དམིགས་ནས། འཆམ་མཐུན་ལ་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་དགོས། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ལས་དོན་འདི་ལ་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ། དཔེ་སྟོན་ཁུལ་འཛུགས་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས། ཏང་ཨུ་སྲིད་གཞུང་གིས་གཏན་འབེབས་བྱས་པའི«མགོ་ལོག་ཁུལ་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འགྲོ་གྲོན་ཚད་ལྡན་དང་ཇེ་ཉུང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར»ནང་ལྟར། སྙིང་རྗེས་འཁོར་སྐྱོང་དང་བདེ་སྐྱིད་བྱམས་ལྡན་གྱི་སྲོལ་རྒྱུན་ཤུགས་ཆེན་པོས་དར་སྤེལ་བྱས་ཏེ། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཁུར་བོ་ཇེ་ཡང་དུ་གཏོང་དགོས་ལ། ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དམིགས་འབེན་དུས་ལྟར་མངོན་འགྱུར་ཡོང་བར་འབུལ་འོས་པའི་ལེགས་སྐྱེས་ཕུལ་དགོས། བཞི་ནི"བདེ་འཇགས་མགོ་ལོག"དང"ཞི་མཐུན་དགོན་པ"འཛུགས་སྐྲུན་ལ་དམ་པོར་དམིགས་ནས། རང་ཉིད་འཛུགས་སྐྱོང་གི་འགན་ལེན་ནུས་པར་ཤུགས་སྣོན་དགོས། གཅིག་ནས་བསམ་བློའི་འཛུགས་སྐྱོང་ཐད་འབད་བརྩོན་གྱིས་ཆུ་ཚད་མཐོ་རུ་གཏོང་དགོས། གཉིས་ནས་རྩ་འཛུགས་འཛུགས་སྐྱོང་ཐད་འབད་བརྩོན་གྱིས་ཆུ་ཚད་མཐོ་རུ་གཏོང་དགོས། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་ཞིག་བཙུགས་ནས། ཚན་ཁག་མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་སྒྲིལ་རྒྱུན་འཁྱོངས་བྱེད་དགོས། ཧུར་ཐག་གིས་ཆབ་སྲིད་སྟེང་ཡིད་རྟོན་རུང་བ། སྤྱོད་ཚུལ་སྟེང་དམངས་གཙོ་ལྡན་པ། ལས་ཀའི་སྟེང་ཕན་འབྲས་ཆེ་བའི་སྤུས་ཚད་མཐོན་པོའི་མགོ་ཁྲིད་ཚན་ཁག་འཛུགས་སྐྱོང་སྒོས། ཏན་ཏིག་གིས་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ལས་དོན་ཁྲོད་རྩ་འཛུགས་དང་མཐུན་སྦྱོར། ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ་དགོས། གསུམ་ནས་ལམ་ལུགས་འཛུགས་སྐྲུན་ཐད་འབད་བརྩོན་གྱིས་ཆུ་ཚད་མཐོ་རུ་གཏོང་དགོས། བཞི་ནས་ན་གཞོན་གྲྭ་བཙུན་གསོ་སྐྱོང་སློབ་གསོའི་ཐད་འབད་བརྩོན་གྱིས་ཆུ་ཚད་མཐོ་རུ་གཏོང་དགོས། ཆབ་སྲིད་སྟེང་ཡིད་རྟོན་རུང་བ་དང་ཆོས་ལུགས་སྟེང་ཡོན་ཚད་ཡོད་པ། ཀུན་སྤྱོད་སྟེང་ཁས་ལེན་ཐོབ་པ། གནད་འགག་གི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ནས། ན་གཞོན་གྲྭ་བཙུན་གྱི་བསམ་བློའི་སློབ་གསོར་ཤུགས་སྣོན་དགོས་པར་བསྟན།

  会上,州委书记武玉嶂作了重要讲话,他对州佛协过去四年工作予以充分肯定,对会议召开表示热烈祝贺,向与会代表并通过代表向全州广大藏传佛教信众致以了诚挚的问候!并对新一届理事会和广大藏传佛教界人士提出了以下几点要求和希望:一是紧紧围绕中央省委新要求,在改革发展稳定大局中贡献力量。全州藏传佛教界要结合深入学习党的十九大精神和习近平新时代中国特色社会主义思想,积极促进宗教与社会主义社会相适应,弘扬藏传佛教教义中的扬善抑恶、平等宽容、扶贫济苦等思想,把藏传佛教的发展融入到果洛经济社会发展进步中,在推动全面建成小康社会的伟大实践中努力作为。二是紧紧把握时代脉搏,在适应社会主义社会的进程中与时俱进。在统战民宗部门的指导下,创新思路、丰富载体,采取佛教论坛、研讨交流、专期活动等方式,对宗教教义做出符合地区经济社会发展需要、符合中华优秀传统文化的阐释。三是紧紧围绕全国民族团结进步示范州创建,在促进和谐中发挥作用。全州藏传佛教界要高度重视这项工作,进一步提高投身示范州创建的主动性和积极性。要按照党委政府制定的《关于果洛州规范和减少信教群众宗教支出的指导意见》,大力发扬“慈悲济世、利乐有情”的传统,有效减轻信教群众宗教负担,为全州脱贫攻坚目标如期实现作出应有的贡献。四是紧紧“平安果洛”“和谐寺院”建设,在加强自身建设上明责自强。一要在思想建设上下功夫,上水平。二要在组织建设上下功夫、上水平。州佛协要建立健全规章制度,坚持班子团结、形成合力,努力建设政治上可信、作风上民主、工作上高效的高素质领导班子,切实发挥佛协在宗教事务中的组织、协调和服务作用。三要在制度建设上下功夫、上水平。四要在年轻僧侣培养教育上下功夫、上水平。要坚持政治上靠得住、宗教上有造诣、品德上能服众、关键时起作用的标准,加强年轻僧侣的思想教育。

  བར་མཚམས་སུ། ཚོགས་ཞུགས་འཐུས་མིར་རྩ་འཛུགས་བྱས་ནས། ཁུལ་བོད་སྨན་ཁང་དང་ཁུལ་དཔེ་མཛོད་ཁང་། མགོ་ལོག་ཁུལ་བོད་བརྒྱུད་ནང་བསྟན་དགེ་འདུན་པའི་གསོ་སྦྱོང་ལྟེ་གནས་བཅས་ལ་ལྟ་སྐོར་དུ་བསྐྱོད། ལྟ་སྐོར་མཇུག་རྫོགས་རྗེས། ཚང་མས་མགོ་ལོག་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་འཛུན་སྐྲུན་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། འདི་དག་ཡོད་ཚད་ཁུལ་ཨུ་ཁུལ་སྲིད་གཞུང་གིས་ཚད་མཐོན་པོའི་མཐོང་ཆེན་གནང་བ་ལས་བྱུང་ཞིང་། ཁུལ་ཨུ་ཁུལ་སྲིད་གཞུང་གི་འགྱུར་མེད་མགོ་ཁྲིད་འོག མགོ་ལོག་མི་དམངས་ངེས་པར་དུ་དབུལ་ཐར་འབྱོར་འབྲིང་དུ་བསྐྱོད་པའི་དམིགས་འབེན། སྔ་མོ་ནས་མངོན་འགྱུར་འབྱུང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

  期间,组织与会代表赴州藏医院、州图书馆、果洛州藏传佛教僧人培训中心参观。参观结束后,大家纷纷表示,果洛在政治、经济、文化、教育、卫生等各方面的建设一天比一天好,这一切得益于州委州政府的高度重视,相信在州委州政府的坚强领导下,果洛人民一定会早日实现脱贫奔小康的目标。

  ཚོགས་འདུའི་ཐོག་མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ ༤༧ དང་། རྒྱུན་ལས་ལས་འཛིན་པ ༢༣ ། ཚོགས་གཙོ ༡ ། རྒྱུན་ལས་ཚོགས་གཙོ་གཞོན་པ ༡ ། ཚོགས་གཙོ་གཞོན་པ ༡༡ ། དྲུང་ཡིག་ཆེན་མོ ༡ ། དྲུང་ཡིག་ཆེན་མོ་གཞོན་པ ༧། གདན་ཞུས་མཚན་འཛིན་ཚོགས་གཙོ ༢ ། མཚན་འཛིན་ཚོགས་གཙོ་གཞོན་པ ༤ བཅས་བདམས་ཐོན་བྱུང་། སྐབས་གསར་པའི་ཚོགས་གཙོར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མགར་སྤྲུལ་ཡེ་ཤེས་ཉི་མ་སྤྲུལ་སྐུ་བདམས། རྒྱུན་ལས་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོར་ལྷ་ཐར་ཚེ་རིང་བདམས། ཚོགས་གཙོ་གཞོན་པར་མགོན་ཤུལ་དང་ཧཱུཾ་ཀར་རྡོ་རྗེ། ཇེ་སང་བསྟན་པའི་རྒྱལ་མཚན། ཀླུ་བྷ། ཚེ་རིང་ལྷ་རྒྱལ། གཙང་བ་ལྕགས་མདུད། དཔལ་བཟང་། ཚུལ་ཁྲིམས་མཐར་ཕྱིན།དབང་མདའ་གྱང་སྤྲུལ།དགེ་སྐོར་དཀར་འཛུམ། བདེ་ཆེན་བཅས་བདམས། དྲུང་ཡིག་ཆེན་མོ་གཞོན་པར་ཟླ་བ་དང་མདོ་སྤྲུལ་ཐུབ་བསྟན་བཤད་སྒྲུབ། འཇམ་དབྱངས་དོན་ཡོད། ཨ་སྐྱོང་འཇིགས་མེད་དབང་ཕྱུག བསམ་པ་ལྷུན་འགྲུབ། དགེ་ལེགས། འཇམ་དབྱངས་བསྟན་འཛིན་བཅས་བདམས། མཚན་འཛིན་ཚོགས་གཙོར་ཀར་དབང་ཉི་མ་དང་ཀློང་ཡངས་གཉིས་བདམས། མཚན་འཛིན་ཚོགས་གཙོ་གཞོན་པར་གཙོ་རི་དང་ལྷ་བྷོ། ཚུར་ཁོ། བློ་བཟང་འཇམ་དབྱངས་བཅས་བདམས།

  会议选举产生果洛州佛教协会第五届理事会理事47名,常务理事23名、会长1名、常务副会长1名、副会长11名、秘书长1名、副秘书长7名,聘请名誉会长2名、名誉副会长4名。州政协副主席尕智·叶西尼玛活佛当选为新一届会长,拉太才让为常务副会长兼秘书长,贡西、红格多杰、杰桑旦贝尖参、利巴、才让拉加、藏哇坚德、化桑、次成塔先、秋阳、改阔尕增、德庆为副会长,达哇、多尔智土旦夏智、加阳东云、阿骄·久买昂秀、叁巴冷智、格勒、加洋旦增为副秘书长,聘请尕昂尼玛、龙杨为名誉会长,佐日、拉保、次科、洛桑加羊为名誉副会长。

相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
 
主办:中共果洛州委宣传部 技术支持:青海省互联网新闻中心
免责声明:果洛新闻网由中共果洛州委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由果洛州委宣传部负责。
果洛新闻网投稿邮箱:glnews2015@163.com