设为首页 | 加入收藏
【汉藏双语】州委书记武玉嶂看望慰问宗教界代表委员
来源: 州委办公室 州委宣传部
发布时间: 2019-05-06 10:57:34
编辑: 周生吉

༄༅།།ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་ཆོགས་ལུགས་ལས་རིགས་ཀྱི་འཐུས་མི་ཨུ་ཡོན་རྣམས་ལ་གཟིགས་སྐོར་འཚམས་འདྲི་གནང་བ།

州委书记武玉嶂看望慰问宗教界代表委员

“ཁུལ‘ཚོགས་ཆེན་གཉིས’ ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུའི”སྟེང་།ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཨུ་ཡོན་རྣམས་ཀྱིས་མཉམ་དུ་ཕ་ཡུལ་འཛུགས་སྐྲུན་སྐོར་གླེང་སྟེ།མགོ་ལོག་གི་དམངས་འཚོའི་འཕེལ་རྒྱས་ཐད་ལ་ཐུན་མོང་གི་གྲོས་བསྡུར་བྱས།

在“州‘两会’宗教界代表委员茶话会”上,州委书记武玉嶂与宗教界代表委员共话家乡建设,共商果洛民生发展。

བུའུ་ཡུས་ཀྲང་གིས་བསྟན་དོན། མགོ་ལོག་ནི་མི་རིགས་མང་ཞིང་ཆོས་ལུགས་གྲུབ་མཐའ་མང་བའི་ས་ཁུལ་ཞིག་ཡིན་ལ།ཁུལ་ཡོངས་ལ་དགོན་སྡེ ༦༦ ཡོད་པས་ཞིང་ཆེན་ཡོངས་ཀྱི་བཅུ་ཆའི་གཅིག་ཟིན་ཡོད།བསྡོམས་པས་དགེ་འདུན་པ་ཁྲི ༡ ཡན་ཡོད་པ་དང་། ལོ་རེར་ཁུལ “ ཚོགས་ཆེན་གཉིས”དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཨུ་ཡོན་རྣམས་ལ་མཇལ་འཛོམས་བྱུང་སྟེ།མཉམ་དུ་སྲིད་ཞུགས་སྲིད་གྲོས་དང་མཉམ་དུ་སྙན་ཞུ་ལ་གྲོས་ཞིབ་གནང་།  ཚང་མས་འཐུས་མི་ཨུ་ཡོན་རྣམས་དང་ལྷན་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་ཐབས་དང་ནུས་ཤུགས་བཏོན།  འདི་ནི་ཆོས་ལུགས་ལ་སྣེ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་།ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན།དམངས་འཚོའི་ལེགས་བཅོས་ཆད་མེད། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་། མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ཇེ་ལེགས་ཡིན་ལ།ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཨུ་ཡོན་རྣམས་ཀྱིས“ བདེ་འཇགས་དགོན་པ”དང“ འཆམ་མཐུན་དགོན་པ”འཛུགས་སྐྲུན་ཁྲོད་ཕྱག་རྗེས་གང་མང་བཞག་ཡོད།དུས་ཡུན་རིང་བའི་ནང་། རང་རེའི་ཁུལ་གྱི་ཆོས་ལུགས་ལས་རིགས་མི་སྣ་དང་ཏང་ཨུ་སྲིད་གཞུང་གཉིས་བློ་སེམས་གཅིག་ཏུ་སྒྲིལ་ནས།ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་ཁྲིད་སྟོན་གནང་ཞིང་།ལྷག་པར་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་དགོན་སྡེ་ཁག་གིས་རང་རྟོགས་ངང་དད་ལྡན་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལས་དོན་ཐད་ལ་ཁྲིད་སྟོན་མཛད་པར།ཁུལ་ཨུ་ཁུལ་སྲིད་གཞུང་བློ་ཡིད་ཚུམ་ཞིང་ཁས་ལེན་ཐོབ་ཡོད་པར་བསྟན།

武玉嶂指出,果洛是一个多民族、多宗教的地区,全州共有66座寺院,占全省的1/10,共有僧侣1万名以上,每年州“两会”与宗教界各位代表委员见面,齐集一堂,共同参政议政,共同审议报告,大家与各位代表委员一道为全州经济社会发展献计出力,这是引导宗教与社会主义社会相适应的重要平台。近年来,果洛经济社会发展,民族团结进步,民生不断改善,社会和谐稳定,群众生活越来越好,各位宗教界代表委员在“平安寺院”“和谐寺院”建设中做出了积极贡献。长期以来,我州宗教界人士和党委政府一条心,积极引导宗教与社会主义社会相适应,特别是由州佛教协会倡导,各寺院自觉在减轻信教群众宗教负担方面做工作,州委州政府是满意和认可的。

བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན།ལོ་རྒྱུས་ཀྱིས་བདེན་དཔང་ལྟར་ན།རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་བའི་དུས་སྐབས་ནི་ཆོས་ལུགས་ཆེས་ལེགས་པའི་དུས་ཡིན།མིག་སྔར་ང་ཚོ་ཡང་དུས་སྐབས་འདི་འདྲ་ཞིག་ཏུ་གནས་ཡོད། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན།ཀྲུང་དབྱང་དང་ཞིང་ཨུ་ཞིང་སྲིད་གཞུང་གི་བྱམས་བརྩེ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པས།མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་གི་འཕེལ་རྒྱས་ཕྱིན་ཞིང་ཆོས་ལུགས་ལམ་ལྷོངས་བྱུང་།དགོན་སྡེའི“བཟོ་སྐྲུན་ཆེན་པོ་དྲུག”ལག་བསྟར་དང་རྨང་གཞིའི་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་ཅིང་།   སྤྱི་ཚོགས་འགན་ལེན་ཁྱོན་ཡོངས་སུ་ཁྱབ།  “ བདེ་འཇགས་དགོན་པ” དང“ འཆམ་མཐུན་དགོན་པ”འཛུགས་སྐྲུན་ནི།  ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོར་དང་དབུལ་ཐར་འགག་སྒྲོལ།འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བཅས་སྤེལ་བའི་ཕྱོགས་གཅིག་ཡིན། རེ་བ་ཡིན་ན་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཨུ་ཡོན་རྣམས་ཀྱི་རྒྱུན་འཛིན་དར་སྤེལ་དང་འབྲེལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་དུ་གཏོང་དགོས་ལ།  ཆོས་ལུགས་སློབ་སྟོན་ལས་སེམས་ཅན་བདེ་ཕན་དང་རྒྱལ་ཕན་དམངས་ཕན་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་དགོས།ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་དང་དབུལ་ཐར་འགག་སྒྲོལ། འབྱོར་འབྲིང་འཛུགས་སྐྲུན་བཅས་ལ་ཐུན་མོང་གི་སྟོབས་ཤུགས་འདོན་དགོས་ལ།དགོན་པར་དོ་བདག་ལེགས་པོ་དང་ཆོས་དར་མང་ཚོགས་ལ་ཞབས་ཞུ་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་གསར་འཛུགས།  སྤྱི་ཚོགས་འཆམ་མཐུན་བདེ་འཇགས་སུ་གཏོང་བར་ཧུར་ཐག་གིས་ལག་སྐྱེས་ཕུལ་དགོས་པར་བསྟན།

武玉嶂强调,历史证明,国家兴盛发展的时候,也是宗教最好的时候。当前我们正处于这样一个时期。正是有了社会主义制度的无比优越性,有了中央和省委省政府的亲切关怀和大力支持,果洛经济社会持续健康发展,宗教和顺,寺院“六大工程”实施、基础建设全覆盖、社会保障全覆盖。“平安寺院”“和谐寺院”建设是我们开展民族团结进步创建、脱贫攻坚、建设小康的一个方面,希望宗教界代表委员结合弘扬传承与社会主义社会相适应的宗教教义中利乐有情、利国利民的优秀传统,围绕全州民族团结进步创建、脱贫攻坚和建设小康共同出力,把寺院管好,服务信教群众,为全州经济社会发展、创建全国民族团结进步示范州与社会和谐稳定做出积极贡献。

ཡོན་ཚེ་རིང་།   པད་རྒྱལ་བཀྲ་ཤིས།  ཤེས་ཡེ།  ཏིང་འབྲུག  ཀྲང་ཅིན་ཁྲང་སོགས་ཇ་སྟོན་ཚོགས་འདུ་ལ་ཞུགས།

云才让、白加扎西、雪怡、当周、张景昌等参加茶话会。

相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
 
主办:中共果洛州委宣传部 技术支持:青海省互联网新闻中心
免责声明:果洛新闻网由中共果洛州委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由果洛州委宣传部负责。
果洛新闻网投稿邮箱:glnews2015@163.com