设为首页 | 加入收藏
【汉藏双语】武玉嶂调研西宁果洛中学建设情况
来源: 中央广播电视总台中国国际台、州委宣传部
发布时间: 2019-05-06 10:44:48
编辑: 周生吉

༄༅། །ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་ཟི་ལིང་གི་མགོ་ལོག་སློབ་འབྲིང་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

武玉嶂调研西宁果洛中学建设情况

  ཟླ ༤ ཚེས ༢༩ ཉིན། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་ཟི་ལིང་གི་མགོ་ལོག་སློབ་འབྲིང་དུ་བསྐྱོད་དེ་སློབ་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་།ཁུལ་སློབ་གསོ་ཅུས་ཀྱི་ཟི་ལིང་གི་མགོ་ལོག་སློབ་འབྲིང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་དང་།  སློབ་གྲྭའི་དགེ་རྒན་དོ་དམ་ཚོགས་པའི་འདེམས་སྒྲུག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་།  དགེ་སློབ་ཀྱི་སྡོད་ཤག་ཐོག་ཁང་དང་ཆར་རླུང་ལུས་རྩལ་ཐང་།སློབ་མའི་ཟ་ཁང་། ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་། དེ་བཞིན་རྫས་འགྱུར་ཚོད་ལྟ་ཁང་དང་།དྲ་རྒྱའི་ལྟ་འཛིན་ཁང་།  དཔེ་ཀློག་ཁང་།  ཞབས་བྲོའི་འཁྲབ་སྦྱོང་ཁང་སོགས་ཀྱི་ཡུལ་དངོས་ལ་སོང་ནས་སློབ་ཁང་བཀོད་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་།ཁུལ་སློབ་གསོ་ཅུས་ཀྱི་འགན་འཁུར་བ་དང་བཟོ་སྐྲུན་ལྟ་སྐུལ་དོ་དམ་ཕྱོགས་ཁག  སློབ་གྲྭའི་འགན་འཁུར་བ་བཅས་དང་མཉམ་དུ་བཞུགས་མོལ་གནང་སྟེ།མུ་མཐུད་དུ་བཟོ་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་སློབ་བསྡུ་ལས་མགོའི་ལས་དོན་ཁག་གཏིང་ཟབ་སྒོས་འཐུས་ཚང་དུ་གཏོང་དགོས་པར་རེ་བ་བཏོན།  བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། ཟི་ལིང་གི་མགོ་ལོག་སློབ་འབྲིང་ནི་ཁུལ་ཡོངས་ཀྱི་དམངས་འཚོའི་དོན་ཆེན་དང་དོན་གནད་གལ་ཆེན་ཞིག་ཡིན་པའི་ཆ་ནས།  མགོ་ལོག་འཕེལ་རྒྱས་ཀྱི་རྒྱང་རིང་ས་དང་ཚད་མཐོ་སའི་མི་རིགས་སློབ་གསོའི་བྱ་གཞག་སྐུལ་འདེད་ལས་ཆས་ཏེ།སེམས་ཤུགས་ཡོད་རྒུས་བརྩེ་བ་བཏོན་ནས་སློབ་གྲྭའི་འཛུགས་སྐྲུན་ཡག་པོ་དང་།དོ་དམ་ཡག་པོ་བྱ་དགོས་པར་བསྟན། 

4月29日,州委书记武玉嶂前往西宁果洛中学调研学校项目建设情况,听取州教育局就西宁果洛中学项目建设推进及教师管理团队选调情况的汇报,实地查看了师生宿舍楼、风雨操场、学生食堂、综合教学楼以及化学实验室、网络监控室、图书阅览室、舞蹈排练室等教室安排设置情况,与州教育局负责人、施工监理方、学校负责人,就进一步加快施工进度、完善招生前期各项工作进行深度座谈交流。武玉嶂强调,要把西宁果洛中学作为全州一项民生大事和要事,从果洛发展长远和推动民族教育事业的高度出发,尽心尽责,用心用情地把学校建设好、管理好。

བུའུ་ཡུས་ཀྲང་གིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག  ཧྲང་ཧའེ་གྲོང་ཁྱེར་བཅས་ཀྱིས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག   ཟི་ལིང་གི་མགོ་ལོག་སློབ་འབྲིང་འཛུགས་སྐྲུན་མཇུག་མཐའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས།  ཁུལ་སློབ་གསོ་ཅུས་དང་བཟོ་སྐྲུན་ལྟ་སྐུལ་དོ་དམ་ཕྱོགས་ཀྱིས།  ལོ་བརྒྱའི་ཇུས་ཆེན་ལ་སྤུས་ཚད་དང་པོ་ཡིན་པའི་འགན་འཁྲིའི་འདུ་ཤེས་བརྟན་པོ་འཛིན་དགོས་ལ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཟི་ལིང་གི་མགོ་ལོག་སློབ་འབྲིང་གི་རྣམ་གྲངས་འཛུགས་སྐྲུན་ཀྱི་སྤྱིའི་བཀོད་སྒྲིག་ལྟར། ཚད་མཐོན་པོས་མགོ་ལོག་ལ་འགན་འཁུར་བ་དང་མང་ཚོགས་ལ་འགན་འཁུར་བ།མི་རིགས་སློབ་གསོ་ལ་འགན་འཁུར་བའི་འགན་སྒྲུབ་འདུ་ཤེས་དང་མཁོ་གནད་འདུ་ཤེས།འགན་འཁྲིའི་འདུ་ཤེས་ཡོད་དགོས་པ། བཟོ་སྐྲུན་ལྟ་སྐུལ་དོ་དམ་དང་བཟོ་སྐྲུན་སྤུས་ཚད་ནན་མོར་བཟུང་ནས།འགན་འཁྲི་དང་ལེན་ཆེ་རུ་གཏོང་བ་དང་བྱ་བའི་ལས་འགན་ཞིབ་ཚགས་སུ་གཏོང་བ།ནན་ཏན་སྒོས་འཛུགས་སྐྲུན་ལས་འགན་ཁག་དང་སློབ་བསྡུ་ལས་མགོའི་ལས་དོན་ཁག་དམ་འཛིན་བྱས་ནས།ཟི་ལིང་གི་མགོ་ལོག་སློབ་འབྲིང་ཚད་གཞི་མཐོ་བའི་ངང་མགོ་ཚུགས་ཐུབ་པར་འགན་ལེན་བྱ་དགོས་པར་བསྟན།

武玉嶂指出,在省委省政府、省直相关部门和上海市的大力支持下,西宁果洛中学建设已经进入最后关键时期,州教育局和施工监理方要牢固树立百年大计、质量第一的责任意识,按照省委省政府和州委州政府对西宁果洛中学项目建设的总体安排部署,以对果洛负责、对群众负责、对民族教育负责的高度使命感、紧迫感和责任感,严格工程监管,严把工程质量,强化责任担当,细化工作任务,认真负责抓好各项建设任务和招生前期工作,确保西宁果洛中学高标准起步。

བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན།ཟི་ལིང་གི་མགོ་ལོག་སློབ་འབྲིང་ནི་ཁུལ་ཨུ་ཁུལ་སྲིད་གཞུང་གིས་དུས་རབས་གསར་བའི་ནང་ཞིབ་ཚགས་ངང་སྒྲིག་འཛུགས་ལག་བསྟར་བྱས་ཤིང་།ཧྲང་ཧའེ་གྲོང་ཁྱེར་གྱིས་ཧུར་ཐག་གིས་རོགས་སྐྱོར་གནང་བའི་སློབ་གསོ་ཡར་རྒྱས་དང་དམངས་ཕན་ལས་གཞི་གལ་ཆེན་ཞིག་ཡིན་ལ།མིག་སྔར་སློབ་གྲྭའི་འཛུགས་སྐྲུན་དང་སློབ་བསྡུ་ལས་མགོའི་ལས་ཀ་དེ་ཆེས་གནད་འགག་གི་དུས་མཚམས་སུ་གནས་ཡོད།  ཁུལ་སློབ་གསོ་ཅུས་དང་འབྲེལ་ཡོད་ཕྱོགས་ཁག་གིས་ངེས་པར་དུ་ཟི་ལིང་གི་མགོ་ལོག་སློབ་འབྲིང་འདི་སྙན་གྲགས་ཅན་གྱི་སློབ་གྲྭ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་འདུ་ཤེས་བརྟན་པོ་བཟུང་སྟེ།ཁུལ་ཨུ་ཁུལ་སྲིད་གཞུང་གིས་བཏོན་པའི“ཡག་ཤོས་བདུན”གྱི་བྱ་བའི་བླང་བྱ་དོན་འཁྱོལ་ལེགས་པོ་བྱེད་དགོས།  ཚད་གཞི་མཐོན་པོ་མཐའ་འཁྱོངས་པ་དང་སྤུས་ཚད་མཐོན་པོ་དོན་དུ་གཉེར་ཏེ།རྗེས་ཕྱོགས་ནན་ཏན་ཞིབ་ཚགས་ཀྱི་རྣམ་འགྱུར་དང་བྱེད་ཐབས་བཀོལ་ནས། སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་དང་ཕྱི་ནང་གི་སྒྲིག་སྦྱོར།མཛེས་སྤྲས། དེ་བཞིན་དུ་སློབ་བསྡུ་ལས་མགོའི་ལས་དོན་ཁག་གཏིང་ཟབ་པའི་སྒོ་ནས་ཞིབ་ཚགས་ནན་མོ་བྱེད་དགོས་ལ།མགོ་ལོག་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ཧྲང་ཧའེ་གྲོང་ཁྱེར། ཟི་ལིང་གི་ལས་རིགས་ཁག་ཡོངས་ཀྱིས་ཟི་ལིང་གི་མགོ་ལོག་སློབ་འབྲིང་གི་སྤུས་ཚད་དང་སྙན་གྲགས།རྣམ་པ་བཅས་མཐོང་ཐུབ་པ་ཡོང་དགོས་པར་བཤད།  བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན།སློབ་གྲྭའི་འཛུགས་སྐྲུན་དང་སློབ་བསྡུ་ལས་མགོའི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ན།  གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་གཞུང་སློབ་ཁྲིད་ཀྱི་དགེ་རྒན་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ།ནན་ཏན་གྱིས་སློབ་སྦྱོང་ལག་ལེན་དང་གཏིང་ཟབ་པའི་གོ་བ་ལེན་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི་བསམ་བློ་ཆབ་སྲིད་སློབ་གསོའི་དགེ་རྒན་གྱི་གནད་འགག་དང་།སློབ་ཁྲིད་ཀྱི་གནད་འགག སློབ་རའི་གནད་འགག  མིའི་གསོ་སྐྱོང་གི་གནད་འགག་བཅས་ཀྱི“གནད་འགག་བཞི”དེ་ཟི་ལིང་གི་མགོ་ལོག་སློབ་འབྲིང་འཛུགས་སྐྲུན་དོ་དམ་དང་།འཚར་ལོངས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱེད་དགོས་པར་བསྟན།  གསུངས་བཤད་ཀྱི་དགོངས་དོན་དང་འབྲེལ་ནས་ལག་བསྟར་བསམ་འཆར་འདོན་པ་དང་།  ཟི་ལིང་གི་མགོ་ལོག་སློབ་འབྲིང་གི་དགེ་སློབ་ཀྱི་ཁྱད་ཆོས་དང་བསྟུན་ཞིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སུའི་ཆེད་དུ་དཔེ་ཁྲིད་བྱེད་པ་དང་སུའི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།བྱ་གཞག་གང་འདྲ་ཞིག་འཁུར་ཐུབ་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པ་བཅས་ཀྱི་མཛུབ་སྟོན་བསམ་བློ་གཏན་འབེབས་བྱས་ཏེ།  ཀུན་སྤྱོད་དང་ཤེས་རིག  ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོད་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས།འབུར་ཐོན་སྒོས་སློབ་གྲྭའི་མགོ་ཁྲིད་ཚན་ཁག་དང་དགེ་རྒན་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་དམ་འཛིན་ལེགས་པོ་བྱེད་དགོས་ལ།  བྱེ་བྲག་གི་ལག་བསྟར་བསམ་འཆར་བཟོས་ནས་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་ཅན་དང་།སློབ་རའི་རིག་གནས་འཛུགས་སྐྲུན། སྒྲིག་ཆས་འཛུགས་སྐྲུན་གྱི་དོ་དམ་ཇུས་གཞི་ཞིབ་ཚགས་སུ་གཏོང་དགོས།མི་སྣ་གསོ་སྐྱོང་གི་ཁོར་ཡུག་ལེགས་བསྒྱུར་བྱས་ནས་བསམ་བློ་ཆབ་སྲིད་སློབ་གསོའི་ཁྲིད་སྟོན་རང་བཞིན་དང་།དམིགས་གནས་རང་བཞིན། དངོས་ཕན་རང་བཞིན་བཅས་ལ་ཤུགས་འདོན་དགོས་པར་བསྟན།  གཉིས་ནི་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་དམ་འཛིན་ལེགས་པོ་བྱེད་པ།དུས་ཚོད་དམ་འཛིན་ཡག་པོ་བྱས་ནས་དུས་བཅད་ལྟར་ལས་ཀ་འགྲུབ་དགོས་ལ། བཟོ་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་ཡོད་པའི་ལོ་བརྒྱའི་སྙན་གྲགས་ཐོན་དགོས།ཟླ་དགུ་བའི་ནང་དུས་ལྟར་གོ་རིམ་ལྡན་པའི་ངང་སློབ་མ་བསྡུ་བར་འགན་ལེན་བྱེད་དགོས་པ་མ་ཟད།ཟི་ལིང་གི་མགོ་ལོག་སློབ་འབྲིང་རྒྱ་ཆེ་ལས་བྱེད་མང་ཚོགས་ཀྱི་སེམས་ནང་གི་ཡིད་འགུག་ནུས་པ་ལྡན་ཞིང་གཟི་བརྗིད་ཀྱི་ཚོར་བ་སྟེར་པ།  བདེ་འཇགས་ཀྱི་ཚོར་བ་ཡོད་པའི་སློབ་གྲྭ་བཟང་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།  གསུམ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་སློབ་གསོ་མངོན་འགྱུར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་དགེ་རྒན་གསོ་སྦྱོང་དམ་འཛིན་བྱེད་དགོས་ལ།   དགེ་རྒན་གྱི་རྒྱུ་སྤུས་ ནན་མོར་བཟུང་སྟེ་སློབ་ཁྲིད་ཆུ་ཚད་དང་སློབ་ཁྲིད་ནུས་པ།དོ་དམ་གསོ་སྦྱོང་། གསོ་སྦྱོང་དཔྱད་ཞིབ་ཚད་གཞི་སོགས་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་གནད་འགག་ཁག་དམ་འཛིན་ལེགས་པོ་བྱེད་དགོས།གསོ་སྦྱོང་དཔྱད་ཞིབ་དོ་དམ་དང་གསོ་སྦྱོང་དཔྱད་ཞིབ་འཆར་གཞིའམ་ཚད་གཞི་བཅས་ལ་དམིགས་ནས།“དགེ་རྒན་དང་སློབ་མ། སློབ་གསོ”བཅས་ཀྱི་རྒྱུ་རྐྱེན་གསུམ་དམ་པོར་བཟུང་དགོས། “ཡག་ཤོས་བདུན”དང“བླང་བྱ་ལྔ”ལག་བསྟར་དོན་འཁྱོལ་བྱས་ནས།སེམས་ཤུགས་གཅིག་སྒྲིལ་གྱིས་ཟི་ལིང་གི་མགོ་ལོག་སློབ་འབྲིང་སྤུས་ཚད་མཐོན་པོའི་ངང་ནས་འཛུགས་སྐྲུན་བྱེད་བར་སྐུལ་འདེད་ཀྱིས།དོ་དམ་ཚད་ལྡན་གྱི་སློབ་གྲྭ་སྙན་གྲགས་ཅན་དང་དགེ་རྒན་སྙན་གྲགས་ཅན་ཞིག་ཏུ་འགྱུར་དགོས་པར་བསྟན།  ཧུར་ཐག་གིས་ཟི་ལིང་གི་མགོ་ལོག་སློབ་འབྲིང་ནི་ཞིང་ཆེན་ཡོངས་དང་ཐ་ན་ནུབ་རྒྱུད་ས་ཁུལ།མི་རིགས་ས་ཁུལ་གྱི་སློབ་གྲྭ་སྙན་གྲགས་ཅན་ཞིག་ཏུ་གཏོང་དགོས། དགེ་རྒན་སྙན་གྲགས་ཅན་འཛུགས་སྐྱོང་ལ་དམིགས་ནས་མགོ་ལོག་སློབ་འབྲིང་གི་དགེ་རྒན་ཡོངས་ཀྱིས་དུས་རབས་གསར་བར་རྒྱུག་ཆུའི་ཚོགས་པ་ཞིག་དང་གསོན་ཤུགས་ལེབ་མོ་ཞིག་རྒྱུན་སྐྱོང་སྟེ།  རྒྱུན་མི་ཆད་པར་ཆེས་ལེགས་པའི་བསམ་པ་དེ་དོན་དུ་གཉེར་ཞིང་།ཧྲང་ཧའེ་ཚད་ལྡན་གྱི་དོ་དམ་བྱེད་ཐབས་དང་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས། རྒྱུ་སྤུས་དོ་དམ་དེ་དགེ་རྒན་སུ་ཡིན་ཡང་དོན་དུ་གཉེར་དགོས།སློབ་སྦྱོང་ལ་ཤུགས་སྣོན་ནས་མདུན་བསྐྱོད་ཀྱི་གོམ་པ་མཚམས་འཇོག་མི་རུང་ལ། མཁྲེགས་པོར་ཡང་གྱུར་མི་རུང་།  རྒྱུན་མ་ཆད་པར་སློབ་སྦྱོང་ཡར་ཐོན་གྱིས་དུས་རབས་འཕེལ་རྒྱས་དང་ཚན་རྩལ་ཡར་ཐོན་གྱི་སློབ་ཁྲིད་འདུ་ཤེས་གསར་བ།སློབ་ཁྲིད་དོ་དམ་ནུས་པ་དང་ཆུ་ཚད་བཅས་ལ་གོམས་སུ་འཇུག་དགོས། དོ་དམ་ལ་ཤུགས་སྣོན་ནས་ཧུར་ཐག་གིས་མི་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རིག་ཚན་སློབ་ཁྲིད་ཀྱི་སྣེ་ཁྲིད་པ་འཚོལ་ཞིབ་བྱས་ཏེ།  མི་རིགས་སློབ་མ་དང་དེང་རབས་སློབ་གསོ་གཉིས་འབྲེལ་ཐུབ་པར་བྱེད་དགོས།  “ཡག་ཤོས་བདུན”གྱི་བླང་བྱ་ལྟར། སློབ་མ་བདེ་ལེགས་ངང་ཉིན་གཞོན་ལྟར་ཡར་ཐོན་དང་འཚར་ལོངས་བྱུང་ནས་ཤེས་ལྡན་མི་སྣར་འགྱུར་དགོས།ད་དུང་དགེ་རྒན་གྱི་གསོ་སྦྱོང་དམ་འཛིན་ལེགས་པོ་བྱས་ནས། ཧྲང་ཧའེ་ལ་རེས་སྐོར་གསོ་སྦྱོང་དུ་འགྲོ་བའི་འཆར་གཞི་ཡག་པོ་བཟོ་དགོས།རྣམ་པ་གསར་བ་དང་བསམ་བློ་གསར་བས་ལས་གནས་སུ་ཡོད་པའི་དགེ་རྒན་རྣམས་ཧྲང་ཧའེ་ལ་ལྟ་སྦྱོང་དུ་སོང་ནས།རྒྱང་ཁྲིད་དོ་དམ་གྱི་སློབ་ཁྲིད་བྱེད་ཐབས་ལ་སློབ་སྦྱོང་བྱེད་དགོས། བཞི་ནི་དགེ་རྒན་ལས་གནས་སུ་ཐོན་པ་དང་སློབ་མ་བསྡུ་པའི་ལས་དོན་གཉིས་དམ་འཛིན་བྱས་ནས།ནན་ཏན་སྒོས་ཧྲང་ཧའེ་ཡི་ཚད་གཞི་ལྟར་མི་གྲངས་དང་གཞི་ཁྱོན་གཏན་འཁེལ་བྱེད་དགོས་ལ། ཆོས་ཉིད་ལ་བརྩི་འཇོག་དང་སྤུས་ཚད་ལ་འགན་ལེན་བྱེད་དགོས།མགོ་འཛུགས་ལས་དོན་ལེགས་པར་བསྒྲུབས་ནས་ལོ་འདིའི་སློབ་མ་བསྡུ་བའི་གྲ་སྒྲིག་ལས་ཀ་ཁག་སྔ་མོ་ནས་དམ་འཛིན་ལེགས་པོ་བྱེད་དགོས་ལ།གུ་ཡངས་དང་ཞིབ་ཚགས། སྤུས་ལེགས་བཅས་ཀྱི་སྒོ་ནས་སློབ་མ་བསྡུ་བའི་གྲ་སྒྲིག་ལས་ཀ་ཁག་དམ་འཛིན་ལེགས་པོ་བྱེད་དགོས།

武玉嶂强调,西宁果洛中学是州委州政府在新时代精心组织实施的、由上海市倾力援助的重大教育提升和惠民工程,目前学校建设和招生前期工作正处在关键冲刺阶段,州教育局和有关各方一定要牢固树立把西宁果洛中学建成名校的品牌意识,落实好州委州政府提出的“七个最好”工作要求,坚持高标准,追求高质量,以越往后越要认真精细的态度和举措,把学校基础设施和内外安装、装修以及招生前期各项工作做深做细做实,让果洛各族干部群众,上海市和西宁各界都能看到西宁果洛中学的质量、品牌和形象。武玉嶂强调,抓好学校建设和招生前期工作,一要认真学习贯彻、深刻领会习近平总书记在学校思想政治理论课教师座谈会上的重要讲话精神,把习近平总书记提出的思政教育关键在老师、关键在课堂、关键在校园、关键在育人“四个关键”落实到西宁果洛中学建设管理、成长发展的始终。要结合讲话精神拿出贯彻意见,紧贴果洛中学师生特点,牢牢树立以习近平新时代中国特色社会主义思想为指导,明确为谁教书、为谁培养人才、培养胜任什么样事业的人才的指导思想,培养德智体美劳全面发展的社会主义事业接班人。要突出抓好学校领导班子和全体教师的思想政治教育工作,制定具体贯彻实施意见,细化学校思想政治课程设置,细化校园文化建设和设施建设管理方案,优化育人环境,增强思想政治教育的引领性、针对性、实效性。二要抓好项目建设进度,按照时间节点抓紧完工,保证施工质量,树立百年品牌,确保九月份按时、有序招生,并使西宁果洛中学成为在广大干部群众心中有吸引力、有光荣感、有安全感的好学校。三要以实现高质量发展和高质量教育为目标抓好教师培训,严格教师素质,着力抓好教学水平、教学能力、管理培训、考核标准等教育、教学关键环节。要围绕培训考核管理、培训考核计划和标准,抓住“师、生、教”三要素,贯彻落实“七个最好”和“五个要求”,凝心聚力推进西宁果洛中学高质量建设,规范管理,做到名校和名师相统一。要努力把西宁果洛中学打造成全省乃至西部地区甚至是民族地区的名校。要围绕名师建设,使果洛中学全体教师在新时代都能保持一团活水、一片活力,不断追求最好的精神,要向上海学习规范管理的举措和经验;素质管理,每名教师都要追求高素质。要加强学习,不能停步不前,不能僵化,要不断地学习进步,要有适应时代发展、科技进步的新教学理念,新教学管理能力和水平;提升管理,积极探索实践民族教育事业发展的教学学科带头人。要使民族学生与现代教育相融合。按照“七个最好”的要求,使学生阳光健康向上,成长成器成才。还要抓好教师培训,制定好上海轮训培训计划,要有新面貌、新精神状态,在岗教师要运用远程管理教学手段,观摩上海教师的授课。四要盯紧教师上岗、学生招录工作,严格按照上海标准确定人数及规模,尊重规律、保证质量。要做好起步工作,提早抓好今年招生的各项准备工作,从容、细致、优质抓好招生的各项准备工作。

ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པའམ་ཁུལ་ཨུའི་དྲུང་ཡིག་ཆེ་མོ་ཀྲང་ཅིན་ཁྲང་།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧན་ཧའེ་ཧུང་དང་མཉམ་དུ་བརྟག་ཞིབ་གནང་།

州人大副主任、州委秘书长张景昌,州政府副州长韩海宏随同调研。

相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
 
主办:中共果洛州委宣传部 技术支持:青海省互联网新闻中心
免责声明:果洛新闻网由中共果洛州委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由果洛州委宣传部负责。
果洛新闻网投稿邮箱:glnews2015@163.com