设为首页 | 加入收藏
果洛州公安局网安支队开展网络安全进校园活动
来源: 州公安局
发布时间: 2018-09-17 11:37:17
编辑: 周生吉
  全国网络安全宣传周在即,为进一步加强我州网络安全宣传教育,充分发挥校园宣传教育主阵地作用,加大对未成年人上网保护力度,增强师生及家长的网络安全意识。近日,果洛州公安局网安支队以“国家网络安全宣传周”为契机,深入果洛州民族高级中学以“网络安全宣传进校园、共建网络安全、共享网络文明”为主题开展了一系列宣传网络安全宣传活动。
རྒྱལ་ཡོངས་དྲ་ལམ་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སླེབས་པའི་དུས་སུ།རང་ཁུལ་གྱི་དྲ་ལམ་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སྔར་ལས་ཡར་རྒྱས་ཡོང་བ་དང་། སློབ་རའི་དྲིལ་བསྒྲགས་སློབ་གསོ་གཙོར་འཛིན་གྱི་ནུས་པ་འདོན་སྤེལ་བྱེད་པ།ལོ་ན་མ་སོན་པའི་མིའི་དྲར་ཞུགས་སྲུང་སྐྱོབ་ཀྱི་ནུས་པ་ཤུགས་སྣོན་བྱེད་པ།དགེ་སློབ་དང་ཁྱིམ་བདག་གི་དྲ་ལམ་བདེ་འཇགས་འདུ་ཤེས་ལ་སོགས་པ་མཐོར་འདེགས་བྱེད་ཆེད། ཉེ་ཆར།མགོ་ལོག་ཁུལ་སྤྱི་བདེ་ཅུས་དྲ་ལམ་བདེ་སྲུང་རུ་ཁག་གིས་རྒྱལ་ཁབ་དྲ་ལམ་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་དུས་བཟང་ལ་ཁ་གཏད་ནས།མགོ་ལོག་ཁུལ་མཐོ་རིམ་མི་རིགས་སློབ་འབྲིང་ལ་སོང་ནས་དྲ་ལམ་བདེ་འཇགས་དྲིལ་བསྒྲགས་སློབ་རར་བསྐྱོད།དྲ་ལམ་བདེ་འཇགས་མཉམ་བསྐྲུན་བྱས་ཏེ།དཔལ་ཡོན་དྲ་རྒྱ་མཉམ་སྤྱོད་བྱེད་ཞེས་པ་དགོངས་དོན་དུ་བཞག་ནས་དྲ་ལམ་བདེ་འཇགས་དྲིལ་བསྒྲགས་ཀྱི་བྱ་འགུལ་སྤེལ།
  此次宣传活动主要通过召开校园讲座、发放藏汉双文宣传册、张贴藏汉双文海报等多种形式开展。根据州民族高级中学教务处组织安排,9月13日、14日学校晚自习期间,网安支队先后向高二年级及新入校的高一年级学生分别进行了时长2小时的宣讲。出席宣讲活动的有:州民族高级中学副书记熊英,副校长李晓林,学生处主任扎西尖措,教务处副主任、校园网络中心主任尕金、州公安局网安支队支队长金周卡、州公安局网安支队副支队宁尕才让。宣讲活动以熊英副书记及金周卡支队长的讲话拉开帷幕,熊英副书记在讲话中对网安支队民警走进校园开展宣传活动表示感谢,希望通过此次宣传活动使全校师生的网络安全意识得到进一步提高。金周卡支队长则在讲话中阐述了当前网络社会现状、存在的风险及网安民警的职责,并希望同学们在今后能够严格遵守青少年文明上网公约,与果洛网警一起共建和谐、文明的网络环境。
ཐེངས་འདིའི་དྲིལ་བསྒྲགས། གཙོ་བོ་སློབ་རའི་འཆད་ཁྲིད་དང་སློབ་མར་བོད་རྒྱ་ཡིག་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲོད་པ།སློབ་རའི་ནང་དུ་བོད་རྒྱ་ཡིག་གཉིས་ཀྱི་དྲིལ་བསྒྲགས་བརྡ་ཁྱབ་ཡིག་ཚགས་སྦྱོར་བ་ལ་སོགས་ཀྱི་རྣམ་པ་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ།ཁུལ་མཐོ་རིམ་མི་རིགས་སློབ་འབྲིང་སློབ་དོན་སྡེ་ཁག་གི་རྩ་འཛུགས་དང་བཀོད་སྒྲིག་ལྟར། ཟླ་9་བའི་ཚེས་13་དང་14་ཉིན་དགོང་ཚོགས་ཀྱི་དུས་ཚོད་བེད་སྤྱད་ནས་དྲ་སྲུང་བདེ་འཇགས་རུ་ཁག་གིས་སྔ་ཕྱིས་སུ་མཐོ་གཉིས་ལོ་རིམ་དང་མཐོ་གཅིག་ལོ་རིམ་གྱི་འཛིན་གྲྭ་20་ལ་དུས་ཚོད་གཉིས་རིང་གི་དྲིལ་བསྒྲགས་འཆད་ཁྲིད་བྱས།དྲིལ་བསྒྲགས་བྱ་འགུལ་སྟེང་ཁུལ་མཐོ་རིམ་མི་རིགས་སློབ་འབྲིང་གི་ཧྲུའུ་ཅི་གཞོན་པ་ཞོང་ཡེན་དང་སློབ་གཙོ་གཞོན་པ་ལིས་ཞོ་ལེན།སློབ་མ་སྡེ་ཁག་གི་གཙོ་འཛིན་བཀྲ་ཤིས་རྒྱ་མཚོ།སློབ་དོན་ཁྲུའུ་གཙོ་འཛིན་གཞོན་པ་སློབ་རའི་དྲ་ལམ་ལྟེ་གནས་ཀྱི་གཙོ་འཛིན་སྐལ་རྒྱམ།ཁུལ་སྤྱི་བདེ་ཅུས་དྲ་སྲུང་རུ་ཁག་གི་གཙོ་འཛིན་ཅིན་འབྲུག་མཁར།གཙོ་འཛིན་གཞོན་པ་སྙིང་དཀར་ཚེ་རིང་སོགས་ཕེབས། དྲིལ་བསྒྲགས་བྱ་འགུལ་སློབ་གྲྭའི་གཙོ་འཛིན་གཞོན་པ་ཞོང་ཡེན་དང་ཁུལ་དྲ་སྲུང་རུ་ཁག་གཙོ་འཛིན་ཅིན་འབྲུག་མཁར་གྱི་གཏམ་བཤད་ལས་དངོས་སུ་མགོ་བརྩམས།གཙོ་འཛིན་གཞོན་པ་ཞོང་ཡེན་གྱི་གཏམ་བཤད་ལས་དྲ་སྲུང་ཉེན་རྟོག་རུ་ཁག་སློབ་རར་སླེབས་ནས་དྲིལ་བསྒྲགས་བྱ་འགུལ་སྤེལ་པར་སྙིང་ཐག་པ་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ།ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་བརྒྱུད་ནས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་དྲ་ལམ་བདེ་འཇགས་ཀྱི་འདུ་ཤེས་སྔར་ལས་ལྷག་པའི་མཐོར་འདེགས་ཡོང་བར་རེ་བ་བཏོན།དྲ་སྲུང་ཉེན་རྟོག་པའི་གཙོ་འཛིན་ཅིན་འབྲུག་མཁར་གྱིས་ཀྱང་དེང་སྐབས་ཀྱི་དྲ་ལམ་སྤྱི་ཚོགས་ཀྱི་གནས་བབས་དང་།དེ་དང་འབྲེལ་ཡོད་ཀྱི་ཉེན་ཁ། དྲ་སྲུང་ཉེན་རྟོག་པའི་འགན་འཁྲི་སོགས་མཚམས་སྦྱོར་བྱས་པ་མ་ཟད།སློབ་མ་ཚོར་རྗེས་ཕྱོགས་སུ་ན་གཞོན་ཚུལ་ལྡན་དྲར་ཞུགས་སྤྱི་ཆིངས་བརྩི་སྲུང་བྱེད་རྒྱུ་དང་མགོ་ལོག་དྲ་སྲུང་ཉེན་རྟོག་པ་དང་མཉམ་དུ་འཆམ་མཐུན་དཔལ་ཡོན་ཅན་གྱི་དྲ་རྒྱའི་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་བཏོན། 
  宣讲中,民警通过分析当前互联网的发展趋势,结合本地实际,讲明网上造谣传谣、网络诈骗、网络贷款、网络赌博等相关案例的严重性,并详细教授了如何做到安全上网、保护个人信息、辨别不良信息等知识,正确引导他们安全应用网络,远离网络违法犯罪陷阱。宣讲期间,民警积极的与学生互动,详细解答学生提出的问题,让学生在轻松愉快的氛围中更加了解网络安全的重要性,从而树立起安全、健康、文明上网的意识。宣讲接近尾声时,民警倡议学生将网络安全知识带回家中,向家长宣传、向朋友讲解,自觉抵制不良信息的侵扰。
འཆད་ཁྲིད་ཁྲོད།དྲ་སྲུང་ཉེན་རྟོག་པའི་དེང་སྐབས་ཀྱི་དྲ་རྒྱའི་འཕེལ་རྒྱས་ཁ་ཕྱོགས་དབྱེ་ཞིབ་བྱས་པ་བརྒྱུད།ས་གནས་ཀྱི་དོན་དངོས་དང་སྦྲེལ་ནས་དྲ་ལམ་འཆལ་གཏམ་བསྒྲགས་བཟོ་དང་དྲ་ལམ་གཡོ་ཐབས།དྲ་ལམ་དངུལ་བུན། དྲ་ལམ་རྒྱན་སྐུག་སོགས་ཀྱི་འབྲེལ་ཡོད་གྱོད་དོན་དཔེར་དྲངས་ནས་ཚབས་ཆེན་རང་བཞིན་གསལ་བཤད་བྱས་པ་མ་ཟད།ཅི་ལྟར་བདེ་འཇགས་ངང་དྲ་བེད་སྤྱོད་བྱེད་རྒྱུ་དང་མི་སྒེར་གྱི་གསང་འཕྲིན་སྲུང་སྐྱོབ་བྱེད་རྒྱུ།མི་ལེགས་པའི་བརྡ་འཕྲིན་དབྱེ་གཅོད་བྱེད་རྒྱུ་ལ་སོགས་པའི་ཤེས་བྱ་ཕྲ་ཞིང་ཞིབ་པ་ཞིག་དཔེ་ཁྲིད་བྱས་ནས།ཁོང་ཚོ་ལ་བདེ་འཇགས་ངང་དྲ་རྒྱ་བེད་སྤྱོད་བྱས་ཏེ།དྲ་ལམ་ཁྲིམས་འགལ་གྱི་གཡོ་ཐབས་དང་ཁ་བྲལ་བའི་ཐབས་ཤེས་ཁྲིད་སྟོན་བྱས།འཆད་ཁྲིད་ཀྱི་བར་སྐབས་སུ་འཆད་ཁྲིད་ཉེན་རྟོག་མི་སྣ་དང་སློབ་མའི་བར་མཉམ་འགུལ་མང་བོ་བྱས་ལ།སློབ་མས་དྲིས་པའི་དྲི་བའང་གོ་སླ་བའི་ངང་ནས་ལན་བཏབ། སློབ་གྲོགས་ཚང་མའང་ཡང་ཆ་དང་སྤྲོ་བ་ལྡན་པའི་མཁའ་དབུགས་འོག་ནས་སྔར་ལས་ལྷག་པའི་དྲ་ལམ་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་རྒྱུས་ལོན་བྱུང་བ་དང་བདེ་འཇགས།བདེ་ཐང་། དཔལ་ཡོན་ལྡན་པའི་དྲ་ཞུགས་འདུ་ཤེས་འཛུགས་རྒྱུ།འཆད་ཁྲིད་མཇུག་རྫོགས་ལ་ཉེ་བའི་སྐབས། དྲ་སྲུང་ཉེན་རྟོག་པའི་སློབ་གྲོགས་ཚང་མར་དྲ་ལམ་བདེ་འཇགས་སྐོར་གྱི་ཤེས་བྱ་རང་སོ་སོའི་ཁྱིམ་མི་དང་གྲོགས་པོ་ལ་དྲིལ་བསྒྲགས་བྱེད་རྒྱུ་དང་རང་རྟོག་གིས་གནོད་ལྡན་བརྡ་འཕྲིན་འགོག་ཟོན་བྱེད་རྒྱུའི་སྐུལ་མ་བཏང་། 
    
  此次宣传活动出动警力7名,共计1100余名学生聆听了宣传讲座,在讲座结束时网安支队向学生发放网络安全防范宣传资料 4 00份,张贴海报1 0张,图文结合、藏汉双文、内容全面新颖的宣传资料使学生们进一步了解了网络安全知识,深刻认识到网络安全的重要意义,有效提升了青年学生的网络安全防范意识,营造了网络安全人人有责、人人参与的校园网络安全氛围。
ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་ལ་ཉེན་རྟོག་མི་སྣ་7་ཕེབས་པ་དང་།སློབ་མ་1100་ལྷག་དྲིལ་བསྒྲགས་འཆད་ཁྲིད་ལ་ཉན། དྲིལ་བསྒྲགས་འཆད་ཁྲིད་མཇུག་རྫོགས་རྗེས།དྲ་སྲུང་ཉེན་རྟོག་རུ་ཁག་གིས་སློབ་གྲོགས་ཚོར་དྲ་ལམ་བདེ་འཇགས་འགོག་ཟོན་སྐོར་གྱི་ཡིག་ཚགས་400་ལྷག་མཁོ་སྤྲོད་བྱས་པ་དང་དྲིལ་བསྒྲགས་བརྡ་ཁྱབ་10་ལྷག་སྦྱར།པར་རིས་ཡིག་ཚགས་ཟུང་འབྲེལ་དང་ནང་དོན་ཆ་ཚང་ཅན་གྱི་བོད་རྒྱ་ཡིག་གཉིས་དྲིལ་བསྒྲགས་རྒྱུ་ཆའི་སློབ་གྲོགས་ཚོར་དྲ་ལམ་བདེ་འཇགས་སྐོར་གྱི་ཤེས་བྱ་སྔར་ལས་ལྷག་པ་ཞིག་ཤེས་རྟོག་བྱུང་དུ་བཅུགདྲ་ལམ་བདེ་འཇགས་ཀྱི་གལ་ཆེན་དོན་སྙིང་ཡང་བག་ཆགས་ཟབ་མོ་ཞིག་བཞག་ལ། ནུས་བ་ལྡན་པའི་སྒོ་ནས་ན་གཞོན་སློབ་མའི་དྲ་ལམ་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་མཐོར་འདེགས་བྱས།དྲ་ལམ་བདེ་འཇགས་མི་ཚང་མ་འགན་འཁྲི་ཡོད་པ་དང་མི་ཚང་མའང་སློབ་རའི་དྲ་ལམ་བདེ་འཇགས་ཀྱི་ལས་ལ་ཞུགས་དགོས་པའི་མཁའ་དབུགས་བསྐྲུན།
相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
 
主办:中共果洛州委宣传部 技术支持:青海省互联网新闻中心
免责声明:果洛新闻网由中共果洛州委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由果洛州委宣传部负责。
果洛新闻网投稿邮箱:glnews2015@163.com