设为首页 | 加入收藏
致全州广大寺庙僧尼的慰问信(藏汉双语版)
来源: 中共果洛州委统战部
发布时间: 2018-02-11 21:21:12
编辑: 周生吉

ཁུལ་ཡོངས་ཀྱི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་རྣམས་ལ་

སྤྲིངས་པའི་ འཚམས་འདྲི་ཡི་གེ

ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོའི་དམངས་དོན་ཁང་དང་རྒྱ་ཆེ་བའི་གྲྭ་བཙུན་རྣམས་ཀྱི་ཞལ་སྔར།

    ༢༠༡༨ལོའི་དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་སླེབས་ལ་ཉེ་བའི་སྤྲོ་ལྡན་གྱི་དུས་འདིར།ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོའི་དམངས་དོན་ཁང་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ལྷན་རྒྱས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་སྙིང་ཐག་པ་ནས་འཚམས་འདྲི་དང་སྨོན་འདུན་ཞུ་བ་ལགས།

   འདས་པའི་ལོ་གཅིག་གི་ཚུན་དུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྒྲོག་བསྟར་གསུམ་ནན་མོ་བྱས་ཤིང་།ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་ནན་གྱིས་དངོས་ འབེབས་དང་འགྱུར་བབཞི་ཏན་ཏིག་ཏུ་མདུན་དུ་སྤེལ་བ་དང་།སྤྱི་ཕྱོགས་འཕེལ་རྒྱས་ཀྱི་རིག་ལམ༡༦༩དང་འབྲེལ་ནས་སྲིད་ཇུས་དང་གོ་སྐབས་བཟང་བོ་མཐའ་དག་དམ་པོར་འཛིན་པ་དང་།སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས།དབུལ་སྒྲོལ་མཁྲེགས་གཏོར།དམངས་ཚིས་ལེགས་བསྒྱུར།མི་རིགས་མཐུན་སྒྲིལ།སྤྱི་ཚོགས་བཅོས་སྐྱོང་སོགས་ལས་ཀ་གལ་ཆེན་དག་ཤུགས་སྐྱེད་ནས་མདུན་དུ་སྤེལ་བས།ཁུལ་ཡོངས་ཀྱི་ལས་དོན་སོ་སོར་གྲུབ་འབྲས་གསར་བ་སྨིན་ཞིང་དགོན་སྡེའི་རྨང་གཞི་བཀོད་པ་དང་གྲྭ་བཙུན་གྱི་སློབ་སྦྱོང་འཚོ་བའི་མཐུན་རྐྱེན་སྔར་ལས་ཇེ་ལེགས་སུ་སོང་ཡོད།གྲུབ་འབྲས་འདི་དག་ནི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་དང་བཅས་པའི་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་མཉམ་གཅིག་ཏུ་འབད་བརྩོན་བྱས་པའི་འབྲས་བུ་ཡིན།

    ༢༠༡༧ལོར།ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོས་རིམ་པ་ཁག་གི་འཐབ་སྒྲིལ་དང་མི་རིགས་ཆོས་ལུགས་སྡེ་ཁག་གིས་མཛུབ་སྟོན་འོག་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ནན་གྱིས་དངོས་འབེབས་བྱས་ཤིང་།རྒྱལ་གཅེས་ཆོས་གཅེས་དང་ ཁྲིམས་བརྩི་སྡོམ་སྲུང་སོགས་བརྗོད་དོན་བྱེད་སྒོ་ནི་གོ་སྐབས་དང་དད་ལྡན་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་ནི་ལག་འཛིན་ཏུ་བྱས་ཏེ་དགོན་སྡེའི་གྲྭ་བཙུན་གྱི་དོ་དམ་ལ་ཁྲིམས་དང་གཏན་འབེབས་ལྟར་ཤུགས་བསྣན་པ་དང་།རྒྱ་ཆེའི་དད་ལྡན་མང་ ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་དང་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཕྲོད་མཐུན་ཡོང་བར་བྱས་རྗེས་གང་ནུས་བཞག འདིར།ཁུལ་ཏང་ཨུ་འཐབ་སྒྲིལ་པུའུ་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།ཁུལ་ནང་བསྟན་མཐུན་ཚོགས་བཅས་ཀྱིས་ཁུལ་ཡོངས་ཀྱི་དགོན་སྡེ་སོ་སོའི་དམངས་དོན་ཁང་དང་རྒྱ་ཆེ་བའི་གྲྭ་བཙུན་ལྷན་རྒྱས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།      

ལོ་གསར་བའི་ནང་དུ་རྒྱ་ཆེ་བའི་གྲྭ་བཙུན་རྣམས་པས་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་སྡིག་སྤང་དགེ་སྒྲུབ།འཆམ་མཐུན་གོང་སྤེལ་དང་ཞི་བདེར་གསོལ་འདེབས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བ་དང་།རྒྱལ་ཁྲིམས་བརྩི་སྲུང་དང་ཆོས་ཁྲིམས་ནན་སྲུང་གི་འདུ་ཤེས་བརྟན་པོར་བཙུགས་ནས་ཆོས་ལུགས་ཤེས་བྱ་དང་ ཀུན་སྤྱོད་འབྱོང་ཚད་གོང་དུ་་སྤེལ་པ་དང་།དབུལ་སྒྲོལ་མཁྲེགས་གཏོར་དང་འབྱོར་འབྲིང་འཛུགས་སྐྲུན་གྱི་གྲས་སུ་ཞུགས་པ་ དང་བརྟན་འཇགས་སྲུང་སྐྱོང་གི་མིག་དཔེ་དང་བཅའ་ཁྲིམས་བརྩི་སྲུང་གི་དཔེ་སྟོན་པ།སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་དཔེ་ ལེགས་པ་བཅས་བྱེད་པར་བརྩོན་ལེན་བྱེད་པ་དང་།དད་ལྡན་མང་ཚོགས་རྣམས་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པར་ཁྲིད་སྟོན་བྱས་ནས་ཆོས་ལུགས་འགྲིག་མཐུན་དང་ཆོས་དོན་དགོན་སྡེ་འཆམ་མཐུན་བཅས་ལ་སྐུལ་བ་དང་།འབྱོར་ཕྱུག་དང་དཔལ་ཡོན།འཆམ་མཐུན།མཛེས་སྡུག་བཅས་ཀྱི་མགོ་ལོག་གསར་བའི་འཛུགས་སྐྲུན་མདུན་དུ་སྐུལ་བ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་རྒྱས་དཔེ་སྟོན་ཁུལ་གསར་ཏུ་འཛུགས་པར་དགོས་ངེས་ཀྱི་བྱས་རྗེས་འཇོག་པར་མཁྱེན་མཁྱེན།།

           

   ཀྲུང་གུང་མགོ་ལོག་ཁུལ་ཨུའི་འཐབ་སྒྲིལ་པུའུ།

མགོ་ལོག་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།

    མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས།

           ༢༠༡༨ལོའི་ཟླ༢པའི་ཚེས༨ཉིན།

致全州广大寺庙僧尼的慰问信

全州各寺庙民管会及广大僧尼:

     在2018年春节、藏历新年即将来临的美好时刻,向全州各寺庙民管会和全体爱国爱教僧尼,致以节日的祝贺、诚挚的问候和良好的祝愿!

    过去的一年,州委、州政府团结带领全州各族干部群众,认真学习宣传贯彻党的十九大和省十三次党代会精神,认真贯彻落实“四个扎扎实实”重大要求,扎实推进“四个转变”,围绕“169”总体发展思路,紧抓各项有力政策机遇,全力推进生态保护、经济发展、脱贫攻坚、民生改善、民族团结、社会治理等重点工作,全州各项事业取得了新成就,寺庙基础设施和僧尼学修生活条件也不断改善。这些成就的取得,是包括广大寺庙僧尼在内的全州人民共同努力奋斗的结果!

     2017年,全州各寺庙在各级统战、民宗部门的指导下,认真贯彻党的宗教工作基本方针,以开展“爱国爱教、持戒守法”等主题活动为契机,以服务信教群众为抓手,依法依规加强寺庙僧尼管理,教育引导广大信教群众,为维护社会和谐稳定,推动藏传佛教与社会主义社会相适应作出了积极贡献。在此,州委统战部、州民族宗教事务委员会、州佛教协会谨向全州各寺庙民管会成员和广大僧尼表示衷心的感谢!

     在新的一年里,希望广大僧尼以习近平新时代中国特色社会主义思想为指引,继承和发扬藏传佛教“爱国爱教、弃恶扬善、崇尚和谐、祈求和平”的优良传统,遵守法律,严守教规,不断提高宗教学识和道德修养,积极投身脱贫攻坚和小康建设,争当维护稳定的榜样,争当遵守法律的表率,争当服务社会的模范,引导信教群众更加紧密团结在以习近平同志为核心的党中央周围,促进宗教和睦、佛事和顺、寺庙和谐,为推动富裕文明和谐美丽新果洛建设、创建全国民族团结进步示范州作出应有的贡献!

                                                      中共果洛州委统战部   

                                                   果洛州民族宗教事务委员会

                                                        果洛州佛教协会

                                                                                                        2018年2月8日

相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
 
主办:中共果洛州委宣传部 技术支持:青海省互联网新闻中心
免责声明:果洛新闻网由中共果洛州委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由果洛州委宣传部负责。
果洛新闻网投稿邮箱:glnews2015@163.com